[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་གྱི་མི་འབོར་དབུལ་པོ་ཁྲི་115ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཤིས་ཏེ་རྫོང་ཀོང་མིང་གྲོང་རྡལ་ཀན་ཧ་ཅུའེ་མོ་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འདུས་སྡོད་ས་ཚིགས་ཀྱི་ལས་ཡུལ་དུ་བསྐྱོད་པ་ཡིན།

    ཤིས་ཏེ་རྫོང་དབུལ་སྐྱོར་དང་གནས་སྤོས་མི་སེར་ལས་དོན་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། འདུས་སྡོད་ས་ཚིགས་འདི་ནི་ལེང་ཧྲན་ཀྲོའུ་ཡི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་འདུས་སྡོད་ས་ཚིགས་ཆེ་ཤོས་དེ་ཡིན་པ་དང་། དུད་ཚང་དབུལ་པོ་1409ཡི་མི་7097བཀོད་སྒྲིག་བྱ་རྒྱུ་དང་། ཁྱོན་ཐོག་བརྩེགས་ཅན་གྱི་སྡོད་ཁང་སྟར་པ་63བསྐྲུན་རྒྱུའི་ནང་སྟར་པ་57ནི་མང་ཚོགས་ཀྱི་སྡོད་ཁང་ཡིན་པ་དང་སྟར་པ་6ནི་རྒན་རྒོན་གྱི་བྱེད་སྒོའི་ལྟེ་གནས་དང་གྲོང་ཚོ་ཨུ་ལྷན་གྱི་བྱེད་སྒོ་སྤེལ་ས་རེད།

    སི་ཁྲོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གལ་ཆེན་ཞིག་ཡིན་པའི་ངོས་ནས། སི་ཁྲོན་ཞིང་ཆེན་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི“འདུ་འགོད་ཨང་དང་པོར”བརྩིས་པ་དང་འབྲེལ། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་136ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུ་དེ་གྲོང་ཁྱེར(ཀྲོའུ)21གི་རྣམ་གྲངས་རྫོང(གྲོང་ཁྱེར་དང་ཆུས)146དང་འབྲེལ་བ་ཡོད་པ་རེད། འདི་ལོའི་ཟླ་4པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་མི་ཁྲི་119.9ལ་སྡོད་ཁང་བསྐྲུན་པ་དང་མི་ཁྲི་115.2གནས་སྤོས་བྱས་ཏེ་རིམ་རྩིས་བྱས་ན་མི་ཁྲི་107དབུལ་སྒྲོལ་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།