[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི་ཆ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    “བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། 2018ལོར་རང་རྒྱལ་གྱི་ཆ་འཕྲིན་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་5ཙམ་ཟིན་པ་དེ་དུས་མཚུངས་ལས་11%ལྷག་ཙམ་འཕར་བ་དང་། དེ་ནི་GDPའཕར་ཚད་ཀྱི་ལྡབ་གཉིས་ཡིན་པ་དང་མཐའ་མའི་འཛད་སྤྱོད་ཁྲོད་ཀྱི་བསྡུར་ཚད་བཟུང་ཚད་10%ལྷག་ཙམ་ཟིན་ཡོད”ཅེས་བཟོ་འཕྲིན་ཅན་དང་མཉེན་ཆས་ཞབས་ཞུ་ལས་རིགས་སིའི་སི་ཀྲང་ཤེ་ཧྲའོ་ཧྥུང་གིས་བཤད།

    དེང་སྐབས་རང་རྒྱལ་གྱི་ཆ་འཕྲིན་འཛད་སྤྱོད་འཕེལ་རྒྱས་ལ་ཁྱད་ཆོས་གསར་པ་ལྔ་ལྡན་པ་སྟེ། གཅིག་ནི་ཆ་འཕྲིན་འཛད་སྤྱོད་ཀྱི་དགོས་མཁོ་ཧ་ཅང་ཆེ་རུ་ཕྱིན་པ་དང་། དེ་ནི་གསར་གཏོད་བྱེད་མང་ཤོས་དང་། འཕར་ཚད་མགྱོགས་ཤོས། ཁྱབ་ཆེ་ཤོས་བཅས་ཀྱི་གསར་དར་འཛད་སྤྱོད་ཁྱབ་ཁོངས་ཤིག་ཡིན་པ་དང་། གཉིས་ནི་གསར་གཏོད་ཀྱི་ཁོར་ཡུག་ཉིན་རེ་བཞིན་འཐུས་ཚང་དུ་ཕྱིན་ནས་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་འཛད་སྤྱོད་བྱེད་སྟངས་གཙོ་བོར་གྱུར་པ། གསུམ་ནི་གསར་དར་ཆ་འཕྲིན་འཛད་སྤྱོད་ཀྱི་ཚོགས་སྤྱི་མགྱོགས་མྱུར་དར་རྒྱས་ཕྱིན་ཏེ་ལོ་རབས་90ནང་སྐྱེས་པའི་གཞོན་ནུ་འཛད་སྤྱོད་རིམ་སྤོར་གྱི་སྒུལ་ཤུགས་གཙོ་བོར་གྱུར་པ། བཞི་ནི་འདེགས་སྐྱོར་ནུས་པ་ཤུགས་ཆེར་འཕེལ་ནས་མྱུར་ཚད་མགྱོགས་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་དང་། སྟབས་བདེའི་རིག་ནུས་ཟོག་འགྲེམས། སྒུལ་བདེའི་གཏོང་སྤྲོད་བཅས་ཀྱིས་ཆ་འཕྲིན་འཛད་སྤྱོད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་བ། ལྔ་ནི་མཉམ་སྤྱོད་དངུལ་སྤྲོད་ཀྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་དང་མཉམ་སྤྱོད་དཔལ་འབྱོར་སྔར་བས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཕྱིན་ཏེ་བརྙན་ལམ་དང་། རོལ་དབྱངས། རོལ་རྩེད། སློབ་གསོ་སོགས་ཁྱབ་ཁོངས་ཀྱི་འགྲོ་གྲོན་རྩིས་སྟངས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།