[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ​ འདི་ལོ་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་ཀྱི་བསྡོམས་འབོར་སྔར་བཞིན་འདང་ངེས་ཡོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཀྲུང་གོ་ཞིང་ལས་ཚན་རིག་ཁང་གིས་ཡོངས་བསྒྲཌ་བྱས་པའི《ཀྲུང་གོའི་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་སྙན་ཞུ། 2019》ཡི་ནང་སྔོན་དཔག་བྱས་པ་ལྟར་ན། འདི་ལོ་རང་རྒྱལ་གྱི་ཞིང་ལས་ཐོན་རྫས་ཀྱི་མཁོ་སྤྲོད་བསྡོམས་འབོར་སྔར་བཞིན་འདང་ངེས་ཡོང་རྒྱུ་དང་འབྲུ་རིགས་ཀྱི་ཐོན་འབར་སྔོན་མ་དང་མཉམ་ནས་ཅུང་ཙམ་འཕར་རྒྱུ་ཡིན་པ་རེད།

    སྙན་ཞུའི་ནང་མངོན་གསལ། 2018ལོར་རང་རྒྱལ་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་རྒྱུ་དམ་འཛིན་བྱ་གཞི་གཙོ་བོར་བྱས་ནས་ཞིང་ལས་ཐོན་སྐྱེད་བརྟན་པོའི་ངང་འཕར་བ་དང་ཞིང་ལས་ཐོན་རྫས་ཀྱི་འཛད་སྤྱོད་རིམ་སྤོར་མྱུར་པོ་བྱུང་ཡོད། དེ་དང་ཆབས་ཅིག ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་ཕན་འབྲས་མངོན་པ་དང་དེའི་ཁྲོད་མ་རྨོས་ལོ་ཏོག་གི་གྲུབ་ཆ་ལེགས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པ་དང། བྲིན་ཁ་རྒྱུག་པ། མཛོད་ཉར་ཕྱིར་ཚོང་བྱེད་ཚད་སྔོན་དཔག་ལས་བརྒལ་བ། ཁྲོམ་རའི་རིན་གོང་བརྟན་པོའི་ངང་འཕར་བ། སྲན་ཆེན་ཐོན་འབོར་མང་དུ་ཕྱིན་པ་དང་། ནང་འདྲེན་བྱེད་ཚད་ཅུང་ཉུང་དུ་ཕྱིན་ཡོད། སྲན་ཆེན་དང་དེ་བཞིན་སྲན་སྣུམ་སོགས་ཀྱི་ཁྲོམ་ར་འཁོར་སྐྱོད་སྤྱིར་ན་བརྟན་པོ་ཡོད་པ་རེད།

    སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། འདི་ལོ་རང་རྒྱལ་གྱིས་ཞིང་ལས་དང་འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མུ་མཐུད་མཐོང་ཆེན་བྱེད་རྒྱུ་དང་། སྔོན་དཔག་ལྟར་ན། འབྲུ་རིགས་ཀྱི་ཐོན་འབོར་སྔོན་མ་དང་མཉམ་ནས་ཅུང་ཙམ་འཕར་རྒྱུ་ཡིན་པ་དང་རིན་གོང་བརྟན་པོ་ཡོང་བ་བྱེད་རྒྱུ་རེད། འབྲས་དང་། གྲོ མ་རྨོས་ལོ་ཏོག་བཅས་ཀྱི་ཐོན་འབོར་ཏུན་དུང་ཕྱུར་2.1དང་། ཏུན་དུང་ཕྱུར་1.3 ཏུན་དུང་ཕྱུར་2.6བཅས་ཟིན་རྒྱུ་དང་རང་རྒྱལ་གྱི་སྲན་ཆེན་མཁོ་སྤྲོད་ནུས་པ་རིམ་པས་ཆེ་རུ་འགྲོ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།