[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དབུལ་པོའི་གྲོང་དུ་ཐོན་ལས་དར། གྲོང་མིའི་ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤིས་མིན་དང་ཀྲང་ཡུས་ཅི་ཡིས།    |    སྤེལ་དུས།   2019-05-15

    ན་ནིང་། མ་ཝང་ཤིས་གྲོང་ཚོས་གླ་ཆ་སྒོར་ཁྲི་1200ལྷག་ཙམ་སྤྲད་པ་དང་། གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.2ཟིན་ནས་གྲོང་ཚོའི་དུད་ཚང་དབུལ་པོ78ཀྱི་མི་གྲངས་229ནས་དུད་ཚང་20ཡི་མི་གྲངས་46བར་ཉུང་དུ་ཕྱིན་ཡོད།

    དེ་སྔ་ངལ་རྩོལ་ནུས་ཤུགས་མང་བར་གྲགས་པའི་མ་ཝང་ཤིས་གྲོང་ཚོ་ད་ཆ་ངལ་རྩོལ་ནུས་ཤུགས་དཀོན་དུ་ཕྱིན་ཏེ་ལས་མི་ཧབ་ཐོབ་རྒྱག་པའི་ཛ་དྲག་གི་སྣང་ཚུལ་ཞིག་ཐོན།

    ཝུའུ་ལིན་ཧྲན་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ཧུའུ་ནན་ཞིང་ཆེན་ལུའུ་ཤིས་རྫོང་ཕུའུ་ཧྲི་གྲོང་རྡལ་དུ་གནས་པའི་མ་ཝང་ཤིས་གྲོང་ཚོར་མཐའ་གསུམ་རི་བོས་བསྐོར་ནས་ས་ཞིང་ཧ་ཅང་དཀོན་པོ་ཡོད། གཞོན་ནུ་དང་དར་མའི་ངལ་རྩོལ་ནུས་ཤུགས་1200ལྷག་ཙམ་ཡོད་པ་དང་ས་རྒྱ་ཆུང་ལ་མི་འབོར་མང་བས་གང་སར་སྐད་གྲགས་ཆོད་པོའི་གྲོང་ཚོ་དབུལ་པོ་ཞིག་རེད། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་80%ཡན་ཕ་ཡུལ་ནས་བྲལ་ཏེ་ཀོང་ཏུང་དང་ཀྲེ་ཅང་སོགས་སུ་ལས་ཀ་འཚོལ་བར་མི་འགྲོ་ཀ་མེད་བྱུང་ནས“ཕྱིར་གླ་པ་རྒྱུག་མཁན་གྱི་གྲོང་ཚོ”ཞེས་འབོད་ཀྱི་ཡོད། རྒྱུན་དུ་སྡོད་མཁན་རྒན་རྒོན་དང་ཕྲུ་གུ་ལས་མེད་པས་ཧ་ཅང་ཁུ་སིམ་པའི་གྲོང་ཚོ་ཞིག་ཏུ་གྱུར།

    ཡིན་ནའང་ད་ཆ་མ་ཝང་ཤིས་གྲོང་ཚོར་འཁྲུག་ཆ་དོད་པའི་རྣམ་པ་མངོན་ཞིང་། གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་ཚུན། ལུའུ་ཤིས་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    ཕྱིར་གླ་པར་བསྐྱོད་མཁན་རིམ་གྱིས་རང་ཡུལ་དུ་ལོག་ནས། ཁག་གཅིག་ཀྭ་རིགས་དང་ཤིང་ཏོག་འདེབས་འཛུགས་དུད་ཆེན་དུ་གྱུར་པ་དང་ཁག་གཅིག་ཁྱད་ལྡན་འདེབས་འཛུགས་ལས་ལ་གཞོལ་བཞིན་ཡོད། བྲེལ་འཚུབ་ཆེ་བའི་དུས་སུ་གྲོང་ཚོར་ངལ་རྩོལ་ནུས་ཤུགས་འདང་གི་མེད།

    མིག་སྔར། ཤིས་ཀྭ་དང་རྒུན་འབྲུམ་གསར་པ་ཁྲོམ་རར་འཚོང་རྒྱུ་རེད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྲི་ཙེ་ལིན་གྱིས་གྲོང་ཚོའི་དུད་ཆེན་ཚོས་ལས་མི་ཧབ་ཐོབ་རྒྱག་པའི་སྣང་ཚུལ་ཐོན་གྱི་ཡོད། “ལྡུམ་ར་ཚང་མར་ངལ་ནུས་དཀོན་པས་འཚོལ་དགོས་བྱུང་ཚེ་ཧ་ཅང་ཁག་པོ་ཡོད”ཅེས་བཤད།

    ཅིན་དབྱིན་མེ་ཏོག་བཞད་པའི་ལམ་ཆུང་རྒྱུད་ནས་སྐྱོད་སྐབས། ཤིས་ཀྭ་དང་ཏའོ་ཧ་ཉ་གསོ་ཚགས་བྱེད་མཁན་ཞེ་ལུང་ཧྲེང་གིས་འགན་གཙང་བླངས་པའི་མུའུ་74ཡི་ཏའོ་ཧ་ཉའི་གསོ་ཚགས་རྟེན་གཞིར་སླེབས་ཀྱི་ཡོད། ཟླ་ཕྱེད་སོང་རྗེས། ཞིང་ནང་དུ་འབྲས་ལྗང་འཛུགས་རྒྱུ་མ་ཟད། ད་དུང་ཉ་ཅིས་ཡུས་གསོ་ཚགས་བྱེད་དགོས་ཀྱི་ཡོད་པས་ཁོང་གིས་བསྟུད་མར་ཁ་པར་བཅུ་གྲངས་ཁ་ཤས་བརྒྱབ་པས་གཞི་ནས་གྲོང་མི་20ལྷག་དེ་གར་གནས་སྐབས་རོགས་རམ་བྱེད་པར་ཡོང་རྒྱུའི་ཁ་ཆད་བྱས།

    ཞེ་ལུང་ཧྲེང་ནི་དེ་སྔ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་པས་གང་སར་གླ་པ་རྒྱུག་པར་འགྲོ་གི་ཡོད། དགའ་ཉེ་སྤུན་མཆེད་ཀྱི་རོགས་རམ་འོག་ཁོང་གིས་འདེབས་འཛུགས་དང་གསོ་ཚགས་ཀྱི་ལས་ལ་གཞོལ་ནས་2017ལོར་དབུལ་སྒྲོལ་ཐུབ་པ་མ་ཟད། མི་སྤྱོད་དུད་ཆེན་དུའང་གྱུར།

    ལས་མི་བསྡུ་བའི་དུས་ཚིགས་ཤར་བ་དང་གྲོང་མི་ཧོང་དབན་དབྱིན་ཁྱིམ་གྱི་མུའུ་120ཡི་རྒུན་འབྲུམ་དབྱེ་ཕྲལ་དང་ཐུམ་རྒྱག་པའི་ལས་ཀ་འགོ་ཚུགས་གྲབས་ཡོད་པས་ཁོང་གིས་ཀྱང་ལས་ཀ་བྱེད་མཁན་འཚོལ་གྱི་ཡོད།

    རྒུན་འབྲུམ་གླིང་དུ་ཡུན་རིང་ལས་ཀ་བྱེད་མཁན་གྲོང་མི་12ཕུད། ཧོང་དབན་དབྱིན་གྱིས་ད་དུང་སྐབས་འཕྲལ་ལས་མི་30ཙམ་བསྡུ་དགོས་ཀྱི་ཡོད། ཁོང་གིས“ང་ཚོའི་གྲོང་ཚོ་ནས་ལས་མི་འཚོལ་དཀའ་བས་ངས་ཉེ་འགྲམ་གྱི་གྲོང་ཚོ་དང་ཕུའུ་ཧྲི་གྲོང་རྡལ་ནས་ལས་མི་བསྡུ་བར་འགྲོ་རྩིས་ཡོད”ཅེས་བཤད།

    འདེབས་འཛུགས་དང་གསོ་ཚགས་དུད་ཆེན་གྱིས་ལས་མི་ཧབ་ཐོབ་རྒྱག་པ་དང་སྦྲགས གྲོང་ཚོར་བཙུགས་པའི་སྣོད་བཅུད་ཡུལ་སྐོར་ཀུང་སིས་ཀྱང་ལས་མི་བསྡུ་བཞིན་ཡོད། ཀུང་སིར་གྲོང་མི་96གིས་མ་རྐང་ནང་ཞུགས་ནས་སྡོད་གནས་དང་། བཟའ་འཐུང་། སྔོག་འཐུ། མེ་ཏོག་ལ་ལྟ་བ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཕྱིན་པ་མ་ཟད། ཐོན་ལས་སྔར་བས་རྒྱ་སྟོབས་ཆེ་རུ་ཕྱིན་ནས་ལས་མི་ཧ་ཅང་དཀོན་པའི་སྣང་ཚུལ་ཐོན་ཡོད།

    ཧྲི་ཙེ་ལིན་གྱིས་ཀུང་སི་དེར་ཡུན་རིང་ལས་ཀ་བྱེད་མཁན་20ལྷག་ཙམ་ཡོད་པ་དང་། ན་ནིང་ཀུང་སིའི་ཡོང་འབབ་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། འདི་ལོ་སྔོན་དཔག་བྱས་ན་སྒོར་ཁྲི་500ལས་བརྒལ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། མ་ཝང་ཤིས་གྲོང་ཚོར་ཕྱིར་གླ་པ་རྒྱུག་པར་འགྲོ་བ་ནས་ད་ཆ་གྲོང་ཚོར་ལས་མི་བསྡུ་བའི་དབར་འགྱུར་ལྡོག་བྱུང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།