[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྲོལ་རྒྱུན་ནས་དེང་རབས་ཀྱི་ཕྱོགས་སུ་སྐྱོད་པའི་ཧྭ་ཀྲོའུ་ཡི་ཀོ་བརྙན་ཟློས་གར།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    ཧྲའན་ཤིས་ཞིང་ཆེན་ཝུའེ་ནན་གྲོང་ཁྱེར་ཧྭ་ཀྲོའུ་ཆུས་ནི་ཀོ་བརྙན་ཟློས་གར་སྒྱུ་རྩལ་གྱི་འབྱུང་ཁུངས་གཙོ་བོའི་གྲས་ཤིག་རེད། 2006ལོར་ཀོ་བརྙན་ཟློས་གར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོང་མིང་གཞུང་ཁག་དང་པོའི་ནང་བཅུག་ཡོད།

    སྲོལ་རྒྱུན་གྱི་ཧྭ་ཀྲོའུ་ཡི་ཀོ་བརྙན་བཟོ་སྐབས་ཀོ་བ་ཡག་ཤོས་བདམས་ཏེ་འབྲད་པ་དང་། མཉེ་བ། ཁྲུད་པ། བརྐོ་བ། ཚོས་རྒྱག་པ་སོགས་ལས་རིམ་ཞིབ་ཚགས་24ལ་བརྟེན་ནས་བཟོ་གི་ཡོད་པ་དང་། སྲོལ་རྒྱུན་གྱི་ཧྭ་ཀྲོའུ་ཡི་ཀོ་བརྙན་ཟློས་གར་དེ་མི་5ཡིས་ཀོ་བརྙན་དང་དེ་བཞིན་རོལ་ཆ་མང་པོ་སྤྱད་དེ་འཁྲབ་དགོས་ཀྱི་ཡོད།

    ད་ཆ་ཧྭ་ཀྲོའུ་ཡི་ཀོ་བརྙན་དེ་སྲོལ་རྒྱུན་སྲུང་སྐྱོང་བྱེད་པ་དང་ཆབས་ཅིག ལེགས་བཅོས་དང་གསར་གཏོད་བྱེད་བཞིན་ཡོད། ཧྭ་ཀྲོའུ་ཡི་ཀོ་བརྙན་སྒྱུ་རྩལ་པ་ཞུའེ་ཧུང་ཆོན་གྱིས་ཀོ་བརྙན་བཟོ་རིང་ཞིབ་བྲིས་རི་མོའི་ཐབས་ལ་བརྟེན་ནས་ཀོ་བརྙན་གྱི་སྒྲིག་ཆས་དང་། འདོགས་ཆས། རྒྱན་ཆ་སོགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ཡོད། ཀོ་བརྙན་ཟློས་གར་རྣམ་གྲངས་ཀྱི་ནང་དོན་རྩོམ་སྒྲིག་བྱེད་པའི་ཐད་ཀོ་བརྙན་གྱི་པ་ལིའི་ཞབས་བྲོ་དང་། ཀོ་བརྙན་གྱི་མའེ་ཁེར·ཅེ་ཁེ་ཤུན་སོགས་འཁྲབ་སྟོན་གྱི་ནང་དོན་གསར་རྐྱང་གསར་སྤེལ་བྱས་པས་སྲོལ་རྒྱུན་གྱི་རྣམ་པ་ཟབ་མོ་ལྡན་པའི་ཀོ་བརྙན་ཟློས་གར་དར་སྲོལ་ཅན་དུ་གྱུར་ཞིང་། འདི་ནི་ཟླ་5ཚེས་23ཉིན་ཧྭ་ཀྲོའུ་ཡི་ཀོ་བརྙན་སྒྱུ་རྩལ་པ་ལིའུ་ཧྭ(གཡས)ཡིས་ཧྭ་ཀྲོའུ་རྒྱལ་སྤྱིའི་ཀོ་བརྙན་སྒྱུ་རྩལ་ཁང་དུ་འཁྲབ་སྟོན་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།