[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ETCམགྱོགས་མྱུར་ཁྱབ་གདལ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    འཆར་གཞི་ལྟར་ན། 2019ལོའི་ལོ་མཇུག་ཏུ། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གི་རླངས་འཁོར་ལ་ETCསྒྲིག་སྦྱོར་བྱེད་ཚད་80%ཡན་ཟིན་རྒྱུ་དང་མྱུར་བགྲོད་གཞུང་ལམ་དུ་འགྲོ་མཁན་རླངས་འཁོར་གྱིས་ETCབེད་སྤྱོད་བྱེད་ཚད་90%ཡན་ཟིན་རྒྱུ་རེད།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། འདི་ལོའི་ལོ་མཇུག་གོང་དུ་རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་ཞིང་ཆེན་ས་མཚམས་ཀྱི་གྲོན་བསྡུའི་ས་ཚིགས་གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུའི་བརྩོན་ལེན་བྱ་རྒྱུ་རེད། དམིགས་ཚད་དེ་མངོན་འགྱུར་བྱེད་པའི་བྱེད་ཐབས་གཙོ་བོ་ནི་ETC(གློག་རྡུལ་གྱི་རླངས་འཁོར་ཁ་འགོག་མི་དགོས་པའི་མྱུར་བདེའི་གྲོན་བསྡུ)ཁྱབ་གདལ་གཏོང་ཚད་མགྱོགས་སུ་གཏོང་རྒྱུ་དེ་རེད། ཉེ་ཆར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འབྲེལ་ཡོད་བརྡ་ཐོ་བཏང་ནས་ལས་ཀའི་བྱེད་ཐབས་ཁག་8ཁ་གསལ་བཟོས་ཏེ་ETCསྒྲིག་སྦྱོར་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་རེད། འཆར་གཞི་ལྟར་ན། 2019ལོའི་ལོ་མཇུག་ཏུ། ཞིང་ཆེན་ཁག(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གི་རླངས་འཁོར་ལ་ETCསྒྲིག་སྦྱོར་བྱེད་ཚད་80%ཡན་ཟིན་རྒྱུ་དང་མྱུར་བགྲོད་གཞུང་ལམ་དུ་འགྲོ་མཁན་རླངས་འཁོར་གྱིས་ETCབེད་སྤྱོད་བྱེད་ཚད་90%ཡན་ཟིན་རྒྱུ་རེད།

    《བརྡ་ཐོའི》ནང་ད་དུང་ETCའཁོར་རིགས་ཤར་གཏོང་གི་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་2019ལོའི་ཟླ་7ཚེས་1ཉིན་ནས་བཟུང་། ETCསྤྱོད་མཁན་5%ལས་མི་ཉུང་བའི་འཁོར་རིགས་ཤར་གཏོང་འགྲོ་གྲོན་གྱི་གཞི་རྩའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ནན་པོ་བྱ་རྒྱུ་དང་། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་མྱུར་བགྲོད་གཞུང་ལམ་གྱི་ཧེ་བག་ཅན་གྱི་གྲོན་བསྡུའི་སྲིད་ཇུས་ལེགས་སུ་བཏང་སྟེ་ETCསྤྱོད་མཁན་ལ་གཟིགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་སྐུལ་ལྕག་བྱ་རྒྱུ། འགྲེམས་སྤེལ་སྒྲིག་གཞིས་སྐར་གསོག་ལམ་སྲོལ་བཟོས་ཏེ་ETCསྤྱོད་མཁན་གྱི་ཁེ་དབང་ལོངས་སྤྱོད་དང་ལག་རྟགས་སྤྲོད་པ་སོགས་ཀྱི་རྣམ་པ་སྣ་ཚོགས་ཀྱི་གཟིགས་སྐྱོང་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་བཅས་གསལ་པོ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།