[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སྲིད་གྲོས་ཀྱི་དུས་ཐེངས་དང་པོའི་གྲངས་ཉུང་མི་རིགས་དང་ཆོས་ལུགས་རིགས་ཁོངས་ཨུ་ཡོན་གྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

     རྒྱལ་ཡོངས་སྲིད་གྲོས་ཀྱི་གྲངས་ཉུང་མི་རིགས་ཀྱི་རིགས་ཁོངས་དང་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་གྱི་གསོ་སྦྱོང་འཛིན་གྲྭ(དུས་ཐེངས་དང་པོ)ཚེས་11ཉིན་པེ་ཅིང་དུ་གཉེར་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་པ་ཐེར་འཛིན་གྲྭ་འཚོགས་པའི་མཛད་སྒོར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    པ་ཐེར་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་གཏིང་ཟབ་ལེན་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཕྱོགས་མཚམས་གསར་པ་དང་ལས་འགན་གསར་པར་སྟངས་འཛིན་ཡང་དག་བྱེད་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ངོས་འཛིན་གཅིག་སྡུད་རྒྱ་ཁྱབ་ཏུ་བྱེད་པ། གྲོས་མོལ་དམངས་གཙོའི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། གྲོས་མོལ་དམངས་གཙོའི་ལག་ལེན་ནང་ཞུགས་པ་བཅས་བྱས་ཏེ་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

    པ་ཐེར་གྱིས་ནན་བཤད་གནང་དོན། གྲངས་ཉུང་མི་རིགས་རིགས་ཁོངས་དང་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་གྱིས་འགན་འཁྲི་འཁུར་སེམས་ནན་དུ་བཏང་སྟེ་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་དང་དད་ལྡན་མང་ཚོགས་ཁྲོད་ཀྱི་མཚོན་བྱེད་རང་བཞིན་དང་ཤུགས་རྐྱེན་ཐེབས་ཤུགས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ལམ་ལྷོངས། སྤྱི་ཚོགས་ཞི་མཐུན་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བཅས་བྱས་ཏེ་མི་རིགས་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་མི་དམངས་མང་ཚོགས་ཀྱིས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་ཆེད་ཐབས་འདོན་ཤུགས་འབུལ་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དང་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།