[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བེད་སྤྱོད་གཏོང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    གསར་འགོད་པར་ཚེས་11ཉིན་ཧྲེན་ཀྲེན་དུ་སྤེལ་བའི་ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སྐབས་བཞི་པའི་ནུས་རྒྱུ་གཙང་མའི་གླེང་སྟེགས་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་བེད་སྤྱོད་གཏོང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་པ་དང་། 2018ལོར་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་ཁྲི་1.87ཟིན་ཡོད་པ་དེས་གློག་གཏོང་ཚད་ཧྲིལ་པོའི་26.7%བཟུང་ཡོད་པ་རེད།

    རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་ལྟ་འདོམས་སྤྱི་ཁྱབ་ལྟ་ཞིབ་པ་ལི་ཡེས་ཤིས་ཚིག་སྒྲོན་སྐབས་གོང་གི་གྲངས་གཞི་དག་ཁྱབ་བསྒྲགས་བྱས་པ་རེད། ལི་ཡེས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་ཁྲི་1.87ཟིན་པའི་རྨང་གཞིའི་ཐོག་གལ་སྲིད་ཉིང་གློག་བརྩིས་ན་རྡོ་འགྱུར་མིན་པའི་ནུས་རྒྱུ་ཧྲིལ་པོའི་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་ཁྲི་2.2ལས་བརྒལ་ཡོད་པ་དེ་གློག་གཏོང་ཚད་ཧྲིལ་པོའི་བསྡུར་ཚད་ཀྱི་30%ལས་བརྒལ་ཡོད་པ་རེད་ཅེས་བརྗོད་པ་རེད།

    དེ་མིན་རང་རྒྱལ་གྱི་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་སྒྲིག་སྦྱོར་གྱི་གཞི་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་པ་རེད། 2018ལོའི་ལོ་མཇུག་བར་དུ། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་7.28ཟིན་པ་དེ་གློག་འདོན་འཕྲུལ་འཁོར་ཡོངས་ཀྱི་གློག་གཏོང་ཚད་ཀྱི་38.3%ཟིན་ཡོད་པ་དང་། ཆབས་ཅིག བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་དཔལ་འབྱོར་རང་བཞིན་རིམ་བཞིན་ལེགས་སུ་ཕྱིན་ནས་རླུང་གློག་དང་འོད་ཤུགས་གློག་གི་མ་གནས་མངོན་གསལ་དོད་པོས་དམའ་རུ་ཕྱིན་ཡོད་པ་རེད།

    མིག་སྔར། རླུང་གློག་དང་ཉི་ནུས་གློག་འདོན་གྱིས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད་པ་རེད། ཆུ་གློག་ཆུ་བེད་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གི་ཡོན་ཀྲང་ཀྲེན་ཧྲེང་ཨན་གྱིས་གླེང་སྟེགས་ཐོག་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་གསལ། 2018ལོར། རླུང་གློག་གི་གློག་འདོན་ཚད་ཆན་ཝ་ཁྲི་2059འཕར་བ་དང་། ཉི་ནུས་ཀྱིས་གློག་འདོན་ཚད་ཆན་ཝ་ཁྲི་4426འཕར་ཡོད་པ་དེ་གཉིས་ཀྱི་བསྡོམས་འབོར་གྱིས་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གློག་འདོན་ཚད་འཕར་བའི་སྤྱིའི་གཞི་ཁྱོན་གྱི་བསྡུར་ཚད་ཀྱི་85.3%ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།