[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ཏང་འཛུགས་སྐྱོང་གི་དཔེ་ཁང”ལས་ཏང་ཡོན་གྱིས“གསར་བརྗེའི་ནང་དོན་གྱི་ཤེས་བྱ”དེ་བས་མང་བ་སྦྱོང་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    635161_yis_1561263731491_s.jpg

    ཉེ་བའི་ལོ་ཤས་རིང་། ལྷོ་ཕྱོགས་གློག་དྲ་ཀུང་སི་ཀུའེ་ཀྲོའུ་ཁའེ་ལི་གློག་འདོན་ཅུས་ཀྱི་གཞི་རིམ་ཏང་ཀྲི་པུའི་ཏང་འཛུགས་སྐྱོང་གི་དཔེ་ཁང་བཙུགས་པ་དང་དེའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་། ཚད་ལྡན་ཡིག་ཆ་གལ་ཆེན་དང་ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ། ཏང་ནང་ཁུལ་གྱི་སྲིད་ཇུས་ཁྲིམས་སྲོལ་དང་སློབ་སྦྱོང་གི་ཟུར་ཁྲིད། ཏང་དོན་ཤེས་བྱ་སོགས་ཀྱི་དཔེ་དེབ་ཡོད་པ་རེད། ཏང་འཛུགས་སྐྱོང་གི་དཔེ་ཁང་འཛུགས་པའི་དམིགས་ཡུལ་ནི་ཀྲི་པུའི་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཏང་གི་བཞེད་དོན་དྲིལ་བསྒྲགས་བྱེད་པ་དང་། ཏང་གི་གཏན་འབེབས་ལག་བསྟར་བྱེད་པ། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པ། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་བྱེད་པ། སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་དུ་འགྱུར་བ་བྱ་རྒྱུ་དེ་རེད། ཏང་འཛུགས་སྐྱོང་གི་དཔེ་ཁང་གིས་ཏང་ཡོན་ཚོས་ལས་ཞོར་དུས་ཚོད་བེད་སྤྱད་ནས་དཔེ་ཀློག་བྱ་རྒྱུའི་ཡིད་དབང་བཀུག་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་དགོས་མཁོ་བསྐངས་བས་ཏང་ཡོན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    ཟླ་6ཚེས་21ཉིན་ལྷོ་ཕྱོགས་གློག་དྲ་ཀུའེ་ཀྲོའུ་ཁའེ་ལི་གློག་འདོན་ཅུས་གློག་སྐྱེལ་དོ་དམ་སུའོ་ཡི་ཏང་ཡོན་གྱིས་ལས་ཞོར་དུས་ཚོད་བེད་སྤྱད་ནས་ཏང་འཛུགས་སྐྱོང་གི་དཔེ་ཁང་ནང་དཔེ་དེབ་ལྟ་བར་ཡོང་སྟེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སློབ་སྦྱོང་གི་དགོས་མཁོ་སྐོང་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།