[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས《འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་སྲིད་དོན་ཡོངས་བསྒྲགས་ཚད་གཞིའི་མཛུབ་ཁྲིད》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་19ཉིན་སློབ་གསོ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་སྲིད་དོན་ཡོངས་བསྒྲགས་ཚད་གཞི་ཅན་དང་ཚད་ལྡན་ཅན་ལ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་སློབ་གསོའི་ཁ་གསལ་ཚད་དང་ཡོངས་བསྒྲགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད་སློབ་གསོ་པུས《འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་སྲིད་དོན་ཡོངས་བསྒྲགས་ཚད་གཞིའི་མཛུབ་ཁྲིད》བཟོས་པ་རེད།

    མཛུབ་ཁྲིད་ནང་བསྟན་དོན། འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་སྲིད་དོན་ཡོངས་བསྒྲགས་ཚད་ལྡན་དཀར་ཆག་ནང་སྲིད་ཇུས་ཀྱི་ཡིག་ཆ་དང་། སློབ་གསོའི་གནས་ཚུལ། དམངས་བཙུགས་སློབ་གྲྭའི་ཆ་འཕྲིན། ནོར་དོན་ཆ་འཕྲིན། སློབ་བསྡུའི་དོ་དམ། སློབ་མའི་དོ་དམ། དགེ་རྒན་གྱི་དོ་དམ། སྲིད་ཇུས་གལ་ཆེན་ལག་བསྟར་བྱས་ཚུལ། སློབ་གསོའི་ལྟ་སྐུལ་མཛུབ་ཁྲིད་ཡོངས་བསྒྲགས། དེ་བཞིན་སློབ་གྲྭའི་བདེ་འཇགས་སོགས་རིམ་པ་དང་པོའི་དོན་ཚན་10ཚུད་ཡོད་པ་རེད།

    མཛུབ་ཁྲིད་ནང་བླང་བྱ་བཏོན་དོན། ས་ཁུལ་དང་རྫོང(གྲོང་ཁྱེར་དང་ཆུས)ཁག་དང་དེ་མན་གྱི་འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་གཞི་རིམ་སྡེ་ཚན་གྱིས་ངེས་པར་དུ་ས་གནས་དེ་གའི་ལས་དོན་དངོས་ལ་གཞི་ཚུགས་ནས་མཛུབ་སྟོན་ཁ་གསལ་བྱས་པའི་ལས་ཀའི་བླང་བྱ་དང་དཀར་ཆག་གི་ནང་དོན་གཞིར་བཟུང་། ལས་ཀའི་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཐོག་ནས་འོས་འགན་སློབ་གསོའི་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་དང་། སྲིད་ཇུས་གསལ་འགྲེལ། དོ་ཁུར་བྱེད་པའི་གནད་དོན་ལ་ལན་སློག་པ། སྤྱི་དམངས་ཞུགས་པ་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་བཅས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།