[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གོ་ལ་ཧྲིལ་པོའི་རིག་ནུས་མ་བཅོས་སྣུམ་འདྲེན་གྲུ་གཟིངས་ཆེ་གྲས་ཐོག་མ་རྩིས་སྤྲོད་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

     ཚེས་22ཉིན་གོ་ལ་ཧྲིལ་པོའི་ཏུན་ཁྲི་30.8ཡི་རིག་ནུས་མ་བཅོས་སྣུམ་འདྲེན་གྲུ་གཟིངས་ཆེ་གྲས་ཐོག་མ་སྟེ“རྒྱལ་ཁའི་རྒྱང་སྐྱོད”ཅེས་པ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་གྲུ་ཆེན་ཚོགས་པས་གྲུབ་འབྲས་ཐོབ་པའི་སྒོ་ནས་རྩིས་སྤྲོད་བྱས་པ་རེད། གྲུ་གཟིངས་གྲུབ་འབྲས་ཐོབ་པའི་སྒོ་ནས་རྩིས་སྤྲོད་བྱས་པ་དེས་འཛམ་གླིང་གི་རྒྱང་རིང་རྒྱ་མཚོ་ཆེན་པོའི་རིག་ནུས་གྲུ་གཟིངས་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་ལྟར་གྱི་དོན་སྙིང་ལྡན་པ་མ་ཟད། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་སྣུམ་གྲུ་ཆེ་གྲས་ཀྱི་རིག་ནུས་སྐྱེལ་འདྲེན་གྱི་ལེའུ་གསར་པ་ཕྱེ་བའང་མཚོན་ཡོད་པ་རེད།

    “རྒྱལ་ཁའི་རྒྱང་སྐྱོད”ཅེས་པའི་སྣུམ་གྲུ་དེ་ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་གྲུ་ཆེན་ཚོགས་པས་རང་བརྟེན་ཞིབ་སྤེལ་བྱས་པའི་རབས་དྲུག་པའི་སྣུམ་གྲུ་ཞིག་ཡིན་ལ། གྲུབ་འབྲས་ཐོབ་པའི་སྒོ་ནས་རྩིས་སྤྲོད་བྱས་པའི་སྣུམ་གྲུ་ཆེ་གྲས་ཨང་97པ་དེའང་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།