[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་ཕྱོགས་བསྡུས་དངོས་ཤུགས་ཆེ་རུ་བརྟན་པོ་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་བར་གཞིགས་ན། ཚེས་9ཉིན་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་དང་གཞུང་ལས་ཁང་གི་ཀྲུའུ་རེན་ཧུའུ་ཝུན་ཧུའེ་ཡིས་2019ལོའི་ལོ་སྟོད་དུ་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་གཙོ་བོའི་དམིགས་ཚད་དེ་བྱ་གཞག་འཕེལ་རྒྱས་ཀྱི་སྔོན་དཔག་དང་འཚམ་པས་ཤེས་བྱའི་བདག་དབང་གི་ཕྱོགས་བསྡུས་དངོས་ཤུགས་ཆེ་རུ་བརྟན་པོ་ཕྱིན་ཡོད།

    2019ལོའི་ཟླ་6པའི་ཟླ་མཇུག་བར་རང་རྒྱལ་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད)དུ་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད་ཁྲི་174.0དང་མི་འབོར་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད་12.5ཟིན་ཡོད་པ་དང་། རང་རྒྱལ་དུ་གོ་ཆོད་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི་2274.3ཟིན་པ་དེ་དུས་མཚུངས་ལས་35.3%འཕར་བ་དང་ཆ་སྙོམས་ཁྲོམ་རའི་བྱེད་པོ་5.2ལ་གོ་ཆོད་ཚོང་རྟགས་རེ་ཡོད་པ་རེད།

    ལོ་སྟོད་དུ་རང་རྒྱལ་གྱི་ཁེ་བེད་བདག་ཐོབ་དང་ཚོང་རྟགས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱོད་སྒྲུབ་ཐད་ཕྱོགས་བསྡུས་ཁྲིམས་འཛིན་ཐུབ་པ་མ་ཟད། ཁེ་བེད་བདག་ཐོབ་ཀྱི་དབང་གནོད་དང་རྫུས་མ་བཟོས་པའི་གྱོད་གཞི་6529དང་ཚོང་རྟགས་ཁྲིམས་འགལ་གྱི་གྱོད་གཞི་ཁྲི་1.15ཞིབ་བཤེར་ཐག་གཅོད་ཐུབ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།