[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་དུང་ཕྱུར་5ལྷག་ཙམ་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-11

     ཚེས་9ཉིན། གསར་འགོད་པས་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། རྒྱལ་ཡོངས་སུ་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་མུའུ་དུང་ཕྱུར་5ལྷག་ཙམ་བྱས་ཡོད། དེའི་ཁྲོད་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་རེས་སྐོར་གཉིས་བྱས་པ་ལས་ནགས་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་5.02མང་དུ་ཕྱིན་པ་དེས་མིས་བཟོས་ནགས་ཚལ་རྒྱ་ཁྱོན་གྱི་42.5%བཟུང་ཡོད། མིས་བཟོས་རྩྭ་ར་མུའུ་ཁྲི་502.61མང་དུ་ཕྱིན་པ་དེས་མིས་བཟོས་རྩྭ་རའི་རྒྱ་ཁྱོན་གྱི་2.2%བཟུང་ཡོད་པ་རེད། རྨོ་བསྐྱུར་ནགས་གསོའི་འདུ་འགོད་ལ་བསྡོམས་སྒོར་དུང་ཕྱུར་5000ལྷག་ཙམ་བཏང་བ་དེ་འབྲི་ཆུའི་འགག་གསུམ་ལས་གྲྭར་བཏང་བའི་མ་དངུལ་གྱི་ལྡབ་གཉིས་དང་ཕྱེད་ཀ་ཟིན་གྱི་ཡོད་པ་རེད།

    2014ལོ་ནས་བཟུང་རང་རྒྱལ་གྱིས་རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོ་ལག་བསྟར་བྱས་པ་རེད། མིག་སྔའི་བར་རྒྱལ་ཁབ་ཀྱིས་རེས་སྐོར་གསར་པར་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་འགན་མུའུ་ཁྲི་5989.49བཀོད་སྒྲིག་བྱས་པའི་ནང་ནགས་གསོ་མུའུ་ཁྲི་5486.88དང་རྩྭ་གསོ་མུའུ་ཁྲི་502.61བྱས་པ་དེ་ཧོ་པེ་དང་། ཧྲན་ཤིས། ནང་སོག་སོགས་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར )22དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་དང་འབྲེལ་བ་ཡོད་པ་རེད། མིག་སྔར། རེས་སྐོར་གསར་པའི་རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོར་ཀྲུང་དབྱང་གིས་དངུལ་སྒོར་དུང་ཕྱུར་687.6བཏང་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།