[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ཏུན་1300རིམ་པའི་རང་འདེགས་རང་བཞུད་རྣམ་པའི་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    643890_yis_1563596355927.jpg

    2019ལོའི་ཟླ་7ཚེས་19ཉིན་རང་རྒྱལ་གྱི་མཚོ་ཐོག་རླུང་གློག་འཛུགས་སྐྲུན་ཐད་སླར་ཡང“རྒྱལ་ཁབ་ཆེན་པོའི་འཕྲུལ་ཆས་རྩེ་གྲ”ཞིག་སྤྱོད་འགོ་ཚུགས་ཤིང་། ཀྲུང་གོའི་ཏུན་1300རིམ་པའི་རང་འདེགས་རང་བཞུད་རྣམ་པའི་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་ཐོག་མ“ཐེ་ཅན་རླུང་གློག་01རྟགས་ཅན”ཅང་སུའུ་ཆི་ཏུང་ཀྲུང་གོ་རྒྱང་རིང་རྒྱ་མཚོ་ཆེན་པོའི་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ཚད་ཡོད་ཀུང་སིའི་ལས་བཟོས་མཚོ་ཐོག་ཏུ་བཏང་ཞིང་། གྲུ་གཟིངས་དེར་མིག་སྔའི་འཛམ་གླིང་ཐོག་གི་ཚན་རིག་ལག་རྩལ་གསར་ཤོས་སྤྱད་ཡོད་པ་དང་། ལག་རྩལ་མང་པོ་ཞིག་གིས་རྒྱལ་ནང་གི་ཟིན་ཐོ་བཏོད་པས། དེ་ནི་མིག་སྔར་རྒྱལ་ནང་གི་ཆེས་སྔོན་ཐོན་དང་ཕྱོགས་བསྡུས་ནུས་པ་ཆེ་ཤོས་ཀྱི་མཚོ་ཐོག་རླུང་གློག་སྒྲིག་སྦྱོར་གྲུ་གཟིངས་ཤིག་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།