[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་བསྡུ་ལེན་ས་ཚིགས་ཐོག་མ་དེས་LNGགྲུ་གཟིངས་1000ལྷག་ཙམ་འདོན་འཇུག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། གསར་འགོད་པས་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཅུས་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་LNG(གཤེར་འགྱུར་རང་བྱུང་སོལ་རླངས)བསྡུ་ལེན་ས་ཚིགས་ཐོག་མ་ཡིན་པའི་ཀོང་ཏུང་ཏ་ཕེང་LNGབསྡུ་ལེན་ས་ཚིགས་ཀྱིས་རིམ་རྩིས་བྱས་ན་LNGགྲུ་གཟིངས་1000ལྷག་ཙམ་བདེ་འཇགས་ངང་འདོན་འཇུག་བྱས་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། ཀོང་ཏུང་ཏ་ཕེང་LNGབསྡུ་ལེན་ས་ཚིགས་2006ལོར་གཉེར་སྐྱོང་བྱས་པ་ནས་ད་བར། རྒྱལ་ཁབ་20ལྷག་ཙམ་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་ཏུན་ཁྲི་6700འདོན་འཇུག་བྱས་པ་དང་ནང་འདྲེན་བྱེད་ཚད་དེས་དུས་མཚུངས་ཀྱི་རྒྱལ་ཡོངས་ཀྱི་LNGནང་འདྲེན་བསྡོམས་འབོར་གྱི་27%བཟུང་ཡོད།

    ཀོང་ཏུང་ཏ་ཕེང་LNGཡི་སོལ་རླངས་མཁོ་འདོན་བྱེད་ཁོངས་དེ་ཧྲེན་ཀྲེན་དང་། ཏུང་ཀོན། ཀོང་ཀྲོའུ། ཧྥོ་ཧྲན། ཧུའེ་ཀྲོའུ། ཤང་ཀང་བཅས་ལ་ཁྱབ་ཡོད། གྲངས་ཐང་མཚུངས་པའི་རྡོ་སོལ་དང་བསྡུར་ན་ཀོང་ཏུང་ཏ་ཕེང་LNGཡིས་མཁོ་འདོན་བྱས་པའི་རང་བྱུང་སོལ་རླངས་ཀྱིས་རིམ་རྩིས་བྱས་ན་དབྱང་གཉིས་ཐཱན་འགྱུར་ཏུན་དུང་ཕྱུར་2.24དང་། དབྱང་གཉིས་ལིའུ་རྫས་ཏུན་ཁྲི་200 དུ་རྡུལ་ཏུན་ཁྲི་104.9བཅས་བཙོག་འབུད་ཉུང་གཏོང་བྱེད་ཐུབཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།