[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་གིས་ལོ་སྟོད་དུ་མ་དངུལ་སྒོར་དུང་ཕྱུར་11.48བཏང་ནས་གྲོང་གསེབ་ཀྱི་སློབ་མའི་འཚོ་བཅུད་ལེགས་སུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-14

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་8ཚེས་12ཉིན་གློག་འཕྲིན་འབྱོར་གསལ། འདི་ལོའི་ལོ་སྟོད་དུ། ཤིན་ཅང་གིས་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་མ་དངུལ་ཁྱོན་སྒོར་དུང་ཕྱུར་11.48བཏང་བ་དེས་སློབ་མ་མི་ཐེངས་ཁྲི་143.54ལ་ཕན་པ་ཐོབ་པ་ལས། ནན་ཅང་གི་ས་ཁུལ་དང་ཀྲོའུ་བཞིའི་རྒྱལ་ཁབ་ཚོད་ལྟའི་རྫོང(གྲོང་ཁྱེར)33ལ་སྒོར་དུང་ཕྱུར་10.39བཏང་ནས་སློབ་མ་མི་ཐེངས་ཁྲི་129.89ལ་ཕན་པ་ཐོབ་ཡོད་པ་རེད།

    གསར་འགོད་པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་གསལ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་དོན་འཁྱོལ་བྱ་ཆེད། སློབ་གསོ་ཐིང་གིས་རིགས་གཅིག་མཁས་ཅན་ཆེད་མངགས་སྒྲིག་འཛུགས་བྱས་ནས། གཡོད་ཕུའུ་ཧུའུ་རྫོང་ཚུད་པའི་ཤིན་ཏུ་དབུལ་པོའི་རྫོང་8ལ་རོགས་དངུལ་སྤྲོད་པའི་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་དང་དཀའ་ངལ་ཡོད་པའི་སློབ་མར་རོགས་དངུལ་ཐོབ་ཚུལ་ལ་ཆེད་མངགས་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་མ་ཟད། ད་དུང་རྫོང་ཁག་གི་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞི་དང་། བུ་བཅོལ་ཁང་གི་ཟ་ཁང་དོ་དམ། བཟའ་བཅའི་རྒྱུ་ཆ་འོས་སྐུལ་སོགས་ཀྱི་གནད་དོན་ལ་དམིགས་ནས། འབྲེལ་ཡོད་སྡེ་ཚན་ལ་དུས་བཀག་ལྟར་དག་ཐེར་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་པ་རེད།

    གཞན་ཡང་། སློབ་རའི་བཟའ་བཅའི་བདེ་འཇགས་ལས་འཛོལ་ཚབས་ཆེན་མ་ཐོན་སྔོན་འགོག་བྱ་ཆེད། འདི་ལོར་ཤིན་ཅང་གིས“ཀུན་གསལ་ཐབ་ཚང”བསྐྲུན་ནས། སློབ་གྲྭའི་སློབ་མའི་བཟའ་བཅའི་བདེ་འཇགས་ལ་སྲུང་རགས་ཤིག་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།