[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

    《རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱེད་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱེད་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

    《བསམ་འཆར》ནང་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འཕེལ་བར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་9བཏོན་པ་སྟེ། གཅིག་ནས་འཛད་སྤྱོད་ཀྱི་དམངས་ཕན་བྱེད་ཐབས་འདོན་དགོས་ཤིང་། གཞུང་གཉེར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་གོང་ཚད་གཅོག་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ཀྱི་ཡིད་རྟོན་དངུལ་བུན་ལས་སྒོ་གསར་གཏོད་རྒྱ་སྐྱེད་གཏོང་དགོས་པ་དང་། གཉིས་ནས་འཛད་སྤྱོད་ཀྱི་སྟབས་བདེའི་ཚད་གཞི་མཐོ་རུ་གཏོང་དགོས་ཤིང་། སྒུལ་བདེའི་གཏོང་སྤྲོད་ཀྱི་དམངས་ཕན་དཔེ་སྟོན་འདུ་འགོད་ལ་སྐུལ་འདེད་དང་ལག་ལེན་བསྟར་ནས་རིག་གནས་འཛད་སྤྱོད་དེ་རིགས་ཁག་གི་འཛད་སྤྱོད་བྱེད་སར་འཇུག་པར་བྱེད་དགོས། འཁྲབ་སྟོན་བྱེད་ས་དང་རྟེན་རྫས་བཤམས་མཛོད་ཁང་གི་ལེ་ལག་ཞབས་ཞུའི་སྒྲིག་ཆས་སྒྱུར་བཀོད་དང་ལེགས་སུ་བཏང་ནས་འཛད་སྤྱོད་བྱེད་སའི་དྲ་ཆེན་གྱི་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱའི་ཁྱབ་ཚད་མཐོ་རུ་གཏོང་དགོས། གསུམ་ནས་རྒྱལ་མཚམས་ནང་ཡུལ་སྐོར་བྱེད་པའི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། ས་གནས་ཁག་ལ་ཕྱི་རྒྱལ་གྱི་ཡུལ་སྐོར་བའི་དགོས་མཁོ་དང་འཚམ་པའི་ཡུལ་སྐོར་ལམ་ཐིག་དང་། དམིགས་ས། ཡུལ་སྐོར་འཁྲབ་སྟོན། ཁྱད་ལྡན་ཚོང་ཟོག་བཅས་གསར་སྤེལ་ལ་སྐུལ་ལྕག་བྱས་ཏེ་རྒྱལ་མཚམས་སུ་ཡུལ་སྐོར་ལ་ཡོང་མཁན་གྱི་སྒུལ་བདེའི་གཏོང་སྤྲོད་ཀྱི་ཐག་གཅོད་ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་འཛད་སྤྱོད་བྱ་ཡུལ་གྱི་སྐད་རིགས་སྣ་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས། བཞི་ནས་འཛད་སྤྱོད་ཀྱི་ཚོད་ལྟའི་དཔེ་སྟོན་ལ་སྐུལ་འདེད་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ཚོད་ལྟའི་གྲོང་ཁྱེར་དང་དཔེ་སྟོན་གྲོང་ཁྱེར་ཁག་གཅིག་གཏན་འཁེལ་དང་འབྲེལ་འགུལ་རྣམ་གྱི་དཔྱད་ཞིབ་བྱས་ཏེ་རིག་གནས་གསར་གཏོད་ཚོང་ཁང་དང་། ཁྱད་ལྡན་དཔེ་དེབ་ཁང་། ཟློས་གར་ཁང་ཆུང་གྲས་སོགས་ཀྱི་ལས་རྣམ་སྣ་ཚོགས་ཀྱི་འཛད་སྤྱོད་འདུ་གནས་བསྐྲུན་པར་སྐུལ་ལྕག་བྱེད་དགོས། ལྔ་ནས་ཐོན་རྫས་ཀྱི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བར་ཤུགས་རྒྱག་དགོས་ཤིང་། རྣམ་པ་འབྲིང་ཆུང་དང་། བརྗོད་དོན་གཙོ་བོའི་རང་བཞིན། ཁྱད་ལྡན་རང་བཞིན་བཅས་ཀྱི་རིག་གནས་ཡུལ་སྐོར་གྱི་འཁྲབ་སྟོན་ཐོན་རྫས་གཏོད་པར་སྐུལ་ལྕག་བྱས་ཏེ་སྐར་མ་རིམ་པའི་ཡུལ་སྐོར་གྱི་ཞག་སྡོད་སྤུས་རྟགས་ཅན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སོས་དལ་ཞིང་ལས་འཕེལ་རྒྱས་ཧུར་ཐག་བཏང་ནས་གྲོང་གསེབ་ཀྱི་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་གཅིག་སྐྲུན་དགོས། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གསར་བརྗེའི་ཡུལ་སྐོར་གསར་གཏོད་དང་མཉམ་འདྲེས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་དགོས། དྲུག་ནས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོར་གཏོང་དང་གཤོངས་ཚད་ཆེར་གཏོང་ལ་སྐུལ་འདེད་གཏོང་དགོས་ཤིང་། མཛེས་ལྗོངས་ཁུལ་གྱི་སྒྲིག་ཆས་གསར་བརྗེས་དང་། ཐོན་རྫས་གསར་གཏོད། རྣམ་གྲངས་རིམ་སྤོར་བཅས་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་ལམ་ཐིག་དང་བྱེད་ཐབས་ལེགས་སུ་གཏོང་དགོས། རིག་ནུས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྔོན་མངག་ལམ་ལུགས་ཁྱབ་གདལ་གཏོང་དགོས། བདུན་ནས་ངལ་གསོའི་ཉིན་མོ་དང་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཤིང་། གླ་ཡོད་འཁོར་ཞག་གི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་དུས་ཆེན་དང་། ངལ་གསོའི་ཉིན་མོ། དེ་བཞིན་ཡུལ་སྐོར་བ་མང་བའི་དུས་ཀྱི་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། མཚན་མོའི་རིག་གནས་ཡུལ་སྐོར་གྱི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་ཡུལ་སྐོར་མཛད་སྤྱོད་འདུས་ཁུལ་ཁག་གཅིག་སྐྲུན་དགོས། བརྒྱད་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། གྲུ་གཟིངས་ཆེན་པོ་དང་སྤྲོ་གསེང་གྲུ་གཟིངས་ཀྱི་ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་གི་བརྗོད་དོན་གཙོ་བོའི་ཡུལ་སྐོར་སོགས་ལས་རྣམ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ་རིག་གནས་དང་ཡུལ་སྐོར་གཉིས་དེང་རབས་ཅན་གྱི་ལག་རྩལ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་བཏང་ནས་རབས་གསར་པའི་དབྱིངས་ཚུད་པའི་ཉམས་ལེན་ཅན་གྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ནང་དོན་འཕེལ་རྒྱས་གཏོང་དགོས། དགུ་ནས་ཁྲོམ་རའི་ལྟ་འདོམས་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཁྲིམས་འགལ་སྒྲིག་འགལ་གྱི་གཉེར་སྐྱོང་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་རིག་གནས་དང་ཡུལ་སྐོར་གྱི་ཁྲོམ་རའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་རོལ་རྩེད་དང་ཡུལ་སྐོར་སྒྲིག་ཆས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།