[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “གློག་ཤུགས་མཁའ་ལམ”གྱིས་རིམ་རྩིས་བྱས་ན་ཕྱོཌ་གཉིས་ལ་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་90ལྷག་ཙམ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    གསར་འགོད་པར་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཟླ་8ཚེས་22ཉིན་བར“གློག་ཤུགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭས་ཕྱོགས་གཉིས་ལ་རིམ་རྩིས་བྱས་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་90ལས་ཚད་བརྒལ་བྱུང་སྟེ་ཆན་ཝ་ཆུ་ཚོད་དུང་ཕྱུར་91.4ཟིན་ཡོད་པ་རེད།

    “གློག་ཤུགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་དྲ་སྦྲེལ་ལས་གྲྭ་ནི་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་ས་བར་ཡིན་པ་དང་། གློག་ལམ་ཧྲིལ་པོར་སྟོང་སྨི་2530ཡོད། དེའི་ནང་ཚྭ་འདམ་བརྗེ་བསྒྱུར་ས་ཚིགས་ནས་ལྷ་སའི་བརྗེ་བསྒྱུར་ས་ཚིགས་བར་གྱི་ཐད་རྒྱུག་དུམ་བུའི་ལས་གྲྭའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་ཟིན་གྱི་ཡོད་པས། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཐད་རྒྱུག་གློག་འདྲེན་ལས་གྲྭ་དང་ལོ་མང་འཁྱགས་ས་སྒྲོལ་བའི་ལམ་ཐག་རིང་ཤོས་ཀྱི་གློག་ལམ་ཞིག་རེད།

    རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་ཞིབ་བཤེར་བཟོ་བཅོས་ཀུང་སི་ཚྭ་འདམ་བརྗེ་བསྒྱུར་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཞའོ་མེང་གིས“གློག་ཤུགས་མཁའ་ལམ”གོར་མོ་ནས་ལྷ་སའི་བར་གྱི་ཐད་རྒྱུག་ལས་གྲྭ་2011ལོར་སྤྱོད་འགོ་ཚུགས་ཚུན། ཚོད་ལྟ་ཐེངས་མང་བྱས་ནས་གློག་གཏོང་མ་ལག་ནས་ཕྱོགས་གཉིས་ལ་གློག་གཏོང་བའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་བརྒྱུད། གློག་གཏོང་ཤུགས་ཚད་དེ་ཉིད་ལས་གྲྭ་སྤྱོད་འགོ་ཚུགས་མ་ཐག་གི་ཀྲའོ་ཝ་100ནས་ད་ཆའི་ཀྲའོ་ཝ་མཐོ་ཤོས་600བར་འཕར་ཡོད་ཅེས་ངོ་སྤྲོད་བྱས།

    “འདི་ལོའི་ཟླ་6ཚེས་1ཉིན་ནས་བཟུང་། བོད་ཀྱིས་མཚོ་སྔོན་ལ་སླར་ཡང་ཆུ་གློག་ལྷག་མ་སྐྱེལ་འགོ་ཚུགས་པ་དང་། ཉིན་གཅིག་ལ་གློག་གཏོང་མང་ཤོས་སུ་ཆན་ཝ་ཆུ་ཚོད་ཁྲི་780ལྷག་ཙམ་ཟིན་གྱི་ཡོད། དེ་ནི་ལས་གྲྭ་གཉེར་སྐྱོང་བྱེད་འགོ་ཚུགས་ཚུན་ཚྭ་འདམ་ནས་ལྷ་ས་བར་གྱི་ཐད་གཏོང་མ་ལག་གིས་རྒྱུན་གཏན་ཅན་གྱི་ཤུགས་ཚད་ཆེ་བའི་འཁོར་སྐྱོད་བྱེད་སྟངས་འོག་བོད་ཀྱི་གློག་ནུས་ལྷག་མ་ཕྱིར་གཏོང་བྱེད་ཐེངས་དང་པོ་ཡིན”ཞེས་ལི་ཞའོ་མེང་གིས་བརྗོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།