[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བ།

    ཕྱི་རྒྱལ་གྱི་སྨྱན་སྦྱོར་60ལྷག་ཙམ་གྱིས་ཀྲུང་གོའི་བརྙན་འཕྲིན་ལེ་ཚན་70ལྷག་ཙམ་སྟོན་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་མཛུབ་ཁྲིད་འོག་ཚེས་23ཉིན་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་སྤྱིའི་སྨྱན་སྦྱོར་ལས་ཁུངས་དང་མཉམ་འབྲེལ་ཐོག་པེ་ཅིང་དུ“ཀྲུང་གོའི་བརྙན་འཕྲིན་ལེ་ཚན་གོ་ལ་ཧྲིལ་པོར་སྟོན་པའི”བྱེད་སྒོ་སྤེལ་འགོ་ཚུགས་ཤིང་། ཟླ་8པ་ནས་10པའི་བར་རྒྱལ་ཁབ་50ལྷག་ཙམ་གྱི་རྒྱལ་ཕྱིའི་གཙོ་རྒྱུན་སྨྱན་སྦྱོར་དང་དྲ་རྒྱའི་ལས་སྟེགས་60ལྷག་ཙམ་གྱིས་མཉམ་དུ་ཀྲུང་གོའི་ཕུལ་བྱུང་བརྙན་འཕྲིན་ལེ་ཚན་70ལྷག་ཙམ་སྟོན་རྒྱུ་ཡིན་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་སྟོན་པའི་བརྩམས་ཆོས་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་ཆེན་པོའི་གཙོ་འཛིན་གྱི་ཉམས་འགྱུར་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་མཚོན་པ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཆེན་པོ་ཕྱོགས་ཡོངས་ནས་མཚོན་པའི《གོ་བདེ་དོན་ཟབ་ཀྱི་གསུང》དང《འོད་སྟོང་འབར་བའི་ཀྲུང་གོ》སོགས་དངོས་མཚོན་གློག་བརྙན་དང་། ཀྲུང་གོ་གསར་པའི་ལོ་70རིང་གི་འོད་སྟོང་འབར་བའི་གྲུབ་འབྲས་དང་སྒྱུར་བཅོས་འཕེལ་རིམ་མཚོན་པའི་བརྙན་འཕྲིན་འཁྲབ་ཚན《བྱ་སྤུ་གནམ་ལ་འཕུར་བ》དང་། དངོས་མཚོན་གློག་བརྙན《རིམ་འདས་ལས་གྲྭ》 གློག་བརྙན《ཧྲི་པ་ཏུང་གྲོང་ཚོ》སོགས། དེང་རབས་ཀྱི་ཀྲུང་གོའི་མི་སེར་གྱི་དངོས་ཡོད་འཚོ་བ་མཚོན་པའི་བརྙན་འཕྲིན་འཁྲབ་ཚན《དགའ་སྤྲོའི་བསྟོད་གླུ》དང《དུས་ཐུང་ཞལ་གྱེས》དངོས་མཚོན་གློག་བརྙན《ཀྲུང་གོ་བའི་འཚོ་ཐབས》སོགས། ཀྲུང་གོའི་ཕུལ་བྱུང་ཀོ་ཕིག་གློག་བརྙན《དོམ་ཁྲ་དང་ཧ་རྟ་ཆུང་ཆུང》དང《སྲིན་བལ་བྱི་རིལ་དང་ཨ་མ་སྤྲིན་ཚོམ》སོགས་ངོམ་སྟོན་བྱ་རྒྱུ་ཡིན་པ་རེད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། བརྙན་འཕྲིན་ལེ་ཚན་དེ་དག་སྟོན་མཁན་གྲས་སུ་འབར་མ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་དང་། ལོ་སི་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས། ཁམ་ཕུ་ཁྲེ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་། མོང་གོལ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས། ཕོ་ལན་ཧྥུའུ་ཁུ་སི་བརྙན་འཕྲིན་ལས་ཁུངས། ཧང་ག་རི་ATVབརྙན་འཕྲིན་ལས་ཁུངས། ཁུ་པ་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས། ཨ་རིའི་འཚོལ་ཞིབ་འཕྲིན་ལམ། ཨ་རིའི་གྲོང་ཁྱེར་སྲུང་སྐར་འཕྲིན་ལམ། ཨ་རི་Youtubeསོགས་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།