[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོཌ་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-25

    སྐབས་བཅུ་གཉིས་པའི་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་གྱི་དངོས་མང་སྟོན་ཚོགས་ཟླ་8ཚེས་23ཉིན་ཅི་ལིན་ཁྲང་ཁྲུན་དུ་འགོ་ཚུགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་བྱང་ཤར་ནི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསོན་ཤུགས་ལྡན་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ཞིང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ས་ཁུལ་གྱི་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཡོང་རྒྱུར་སྒུལ་ནུས་གསར་པ་རྒྱུན་མཐུད་ངང་བསྣན་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་མིག་སྔར་ཨེ་ཤེ་ཡ་བྱང་ཤར་ས་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཕན་ཡོད་ཆ་རྐྱེན་རྒྱུན་ཆད་མེད་པར་གསོག་འཇོག་བྱས་ཡོད། སྐབས་འདིའི་དངོས་མང་སྟོན་ཚོགས་ཀྱིས“ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཟབ་ཏུ་བཏང་ནས་ཨེ་ཤེ་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པས་ཕྱོཌ་ཁག་གིས་ས་ཁུལ་དར་རྒྱས་གོང་འཕེལ་ཡོང་བར་བློ་ཁ་གཅིག་ཏུ་ཕྱོགས་པ་མཚོན་ཡོད། རེ་བར་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། སྒྲིག་གཞི། ཁེ་ལས་བཅས་ཀྱི་འཐུས་མིས་ལས་སྟེཌ་དེ་གང་ལེགས་སྤྱད་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་བ་དང་། མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕན་འབྲས་རྒྱ་ཆེར་གཏོང་བ་བཅས་ཀྱི་སྒོ་ནས་ཨེ་ཤེ་ཡ་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱར་བ་གྲུ་འདེགས་ངང་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།