[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཐོ་འབྲིང་དཀྱུས་མའི་སློབ་ཚན་གསུམ་གཅིག་གྱུར་རྩོམ་སྒྲིག་གི་སློབ་གཞི་འདི་ལོའི་སྟོན་ཀའི་སློབ་དུས་སུ་བེད་སྤྱོད་བྱ་རྒྱུ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    ཉེ་ཆར། གསར་འགོད་པར་སློབ་གསོ་པུའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། མཐོ་འབྲིང་དཀྱུས་མའི་ཀུན་སྤྱོད་དང་ཁྲིམས་སྐྱོང་དང་། རྒྱ་ཡིག ལོ་རྒྱུས་བཅས་སློབ་ཚན་ཁག་གསུམ་གྱི་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞིར་རྒྱལ་ཁབ་སློབ་གཞི་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་དང་འབྲེལ། 2019ལོའི་ཟླ་9པའི་སྟོན་ཀའི་སློབ་དུས་འགོ་ཚུགས་སྐབས་པེ་ཅིང་དང་། ཐེན་ཅིན། ཧྲང་ཧའེ། ལེའོ་ཉིང་། ཧྲན་ཏུང་། ཧའེ་ནན་སོགས་ཞིང་ཆེན(གྲོང་ཁྱེར)6ཏུ་སྔོན་ལ་སྤྱོད་རྒྱུ་དང་། ཞིང་ཆེན་གཞན་དག་ལ་རིམ་བཞིན་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་2022ལོའི་གོང་རྒྱལ་ཡོངས་ཀྱི་མཐོ་འབྲིང་ཚང་མར་སློབ་གཞི་གསར་པ་སྤྱོད་རྒྱུ་རེད། དེ་དང་ཆབས་ཅིག ལོ་དགུའི་འོས་འགན་སློབ་གསོའི་སློབ་ཚན་ཁག་གསུམ་གྱི་གཅིག་གྱུར་རྩོམ་སྒྲིག་བྱས་པའི་སློབ་གཞི་འདི་ལོའི་སྟོན་ཀའི་སློབ་དུས་སྐབས་ལོ་རིམ་ཚང་མར་ཡོངས་ཁྱབ་བྱ་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།