[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་ཚོར་འཕྲིན་ལན་སྤྲིངས་ནས།

    ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཞེས་ནན་གསུངས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    རྒྱལ་ཁབ་དཔེ་མཛོད་ཁང་བཙུགས་ནས་ལོ་110འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་རིགས་གཅིག་མཁས་ཅན་རྒན་གྲས་8ལ་འཕྲིན་ལན་སྤྲིངས་ནས། རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྦྲགས། རྒྱལ་ཁབ་དཔེ་མཛོད་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་རྒྱུར་བྱས་རྗེས་གསར་པ་ཡང་བསྐྱར་འཇོག་རྒྱུའི་ཐུགས་རེ་ཡང་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གི་འཕྲིན་ལན་ནང་། ཁྱེད་ཚོ་ལས་བྲལ་ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་ད་དུང་རྒྱལ་ཁབ་དཔེ་མཛོད་ཁང་འཕེལ་རྒྱས་དང་རིག་གནས་བྱ་གཞག་ལ་དོ་ཁུར་གནང་བའི་ཐོག་ནས། ཁྱེད་ཚོས“ཤེས་དཔལ་རྒྱུན་འཛིན་བྱས་ནས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་ནན་སྲུང་བྱེད་པ་མཚོན་ཡོད་ཅེས་བསྟན་གནང་ཡོད།

    ཞི་ཅིན་ཕིང་གིས། ལོ་110ནང་། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་དང་། རྒྱལ་དམངས་ཀྱི་བྱང་ཚད་མཐོར་གཏོང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། རྒྱལ་ཁབ་དཔེ་མཛོད་ཁང་གི་མི་རབས་རེ་རེས་འདིའི་ཆེད་དུ་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ངས་འདིར་རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ནན་གསུངས་གནང་བ་རེད།

    ཞི་ཅིན་ཕིང་གིས། དཔེ་མཛོད་ཁང་ནི་རྒྱལ་ཁབ་ཀྱི་རིག་གནས་འཕེལ་རྒྱས་ཆུ་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། མི་རིགས་ཀྱི་བསམ་བློ་གྲུབ་པར་བྱས་ནས་རིག་གནས་ཀྱི་གདེང་ཚོད་སྐྱེད་སྲིང་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན་པས། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་། ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་ནས་དམངས་ཡོངས་དཔེ་ཀློག་ལ་སྐུལ་འདེད་བཏང་སྟེ། བསམ་པའི་རིག་གནས་ཐད་ཀྱི་མི་དམངས་ཀྱི་དགོས་མཁོ་སྔར་བས་ཡག་པོ་བསྐངས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་རྒྱུར་བྱས་རྗེས་གསར་པ་ཡང་བསྐྱར་འཇོག་རེ་ཡོད་ཅེས་གསུངས་པ་རེད།

    རྒྱལ་ཁབ་དཔེ་མཛོད་ཁང་ནི་1909ལོར་བཙུགས་པ་ཞིག་ཡིན་ཞིང་། མིག་སྔར་དཔེ་མཛོད་ཁང་དུ་ཁྱོན་དཔེ་དེབ་ཁྲི་4000ཙམ་ཉར་འཇོག་བྱས་ཡོད་པ་དང་། ལོ་རེར་ཀློག་མཁན་མི་ཐེངས་ཁྲི་500ལྷག་ལ་སྣེ་ལེན་ཞུ་གི་ཡོད་པ་རེད། མི་རིང་བའི་གོང་། ཏིང་ཡུས་དང་ཞུའེ་ཏེན་ཤིས་སོགས་རྒྱལ་ཁབ་དཔེ་མཛོད་ཁང་གི་རིགས་གཅིག་མཁས་ཅན་8ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་ཕུལ་ནས། རྒྱལ་ཁབ་དཔེ་མཛོད་ཁང་གི་རྒན་རབས་པ་ཚོ་མེས་རྒྱལ་དར་རྒྱས་ཕྱིན་པ་དང་བསྟུན་ནས་རྒྱལ་ཁབ་དཔེ་མཛོད་ཁང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱུང་བའི་དགའ་ཚོར་དང་། ཐོག་མའི་བསམ་འདུན་ནན་སྲུང་བྱས་ནས་དུས་རབས་གསར་པའི་དཔེ་མཛོད་ཁང་གི་བྱ་གཞག་ཡང་བསྐྱར་གཏོད་རྒྱུའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།