[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སུན་ཁྲུན་ལན་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་སྐབས་ནན་བཤད་གནང་དོན།

    རྒན་བཀུར་གཉེན་གཅེས་ཀྱི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་རྒན་རྒོན་རྣམས་བདེ་ཐང་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    ཚེས་8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དང་རྒྱལ་ཡོངས་ན་རྒས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་སུན་ཁྲུན་ལན་རྒྱལ་ཡོངས་ཀྱི“རྒན་བཀུར་ཟླ་བའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོར་ཞུགས་ཏེ། རྒྱལ་ཡོངས་ཀྱི་རྒན་རྒོན་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་ཤིང་། ཁོང་གིས་ན་རྒས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཚོགས་ཡོངས་ན་རྒས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུའི་སྐུལ་སློང་བྱེད་པ་དང་། རྒན་གསོ་འགན་ལེན་ལ་ཤུགས་སྣོན་རྒྱག་པ། རྒན་གསོའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། བདེ་ཐང་རྒན་གསོར་ཤུགས་སྣོན་རྒྱག་པ། རྒས་དུས་འཚོ་རྟེན་ཡོད་པའི་སྐུལ་མ་གཏོང་བ་བཅས་བྱས་ནས་དུས་རབས་གསར་པའི་ན་རྒས་བྱ་གཞག་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    སུན་ཁྲུན་ལན་གྱིས《ཀྲུང་གོའི་ན་རྒས་བྱ་གཞག་གི་ལོ་ངོ་70》ཡི་པར་རིས་འགྲེམས་སྟོན་གཟིགས་རྗེས། ཁོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་ན་རྒས་བྱ་གཞག་ལ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས། རྒྱ་ཆེའི་རྒན་རྒོན་གྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་མངོན་གསལ་དོད་པོས་ཆེ་རུ་སོང་ཡོད། དུས་རབས་གསར་པར་སླེབས་རྗེས་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྒན་རྒོན་གྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་གསར་པར་བསྟུན་ནས། བྱེད་ཐབས་ནུས་ལྡན་སྤྱད་དེ་མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་གཅོག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ། རྒན་རྒོན་རྣམས་རྒས་དུས་འཚོ་རྟེན་ཡོད་པ་དང་། འཚོ་བ་བདེ་སྐྱིད་ལྡན་པ། བདེ་ཐང་ཚེ་རིང་ཡོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད།

    སུན་ཁྲུན་ལན་གྱིས་རྒན་རྒོན་གྱི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལྟ་རྟོག་ཞབས་ཞུ་བཅས་ཀྱི་དགོས་མཁོར་དམིགས་ནས། སྤྱི་ཚོགས་ཀྱི་འགན་སྲུང་དྲ་བ་བརྟན་པོ་བཏོད་དེ། 2020ལོར་སླེབས་སྐབས་རྒན་རྒོན་དབུལ་པོ་རྣམས་མཉམ་དུ་ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས་སུ་སླེབས་ཐུབ་པའི་འགན་ལེན་བྱེད་དགོས་པ་དང་། སྡེ་ཁུལ་གྱི་རྒན་གསོ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་སྟེ། གློག་སྐས་སྒྲིག་སྦྱོར་བྱེད་པ་དང་ཐོགས་མེད་ཁོར་ཡུག་སྐྲུན་པ་སོགས་རྒན་རྒོན་དང་འཚམ་པའི་སྒྱུར་བཀོད་ལ་སྐུལ་འདེད་བཏང་ནས་འཚོ་སྡོད་སྡེ་ཁུལ་གྱི་རྒན་གསོའི་རྨང་གཞི་བརྟན་དུ་གཏོང་དགོས། རྒན་རྒོན་བདེ་ཐང་གི་ཡར་སྐུལ་བྱ་སྤྱོད་སྤེལ་བ་དང་སྨན་བཅོས་རྒན་གསོ་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས་རྒན་རྒོན་ལ་སྔོན་འགོག་དང་། སྨན་བཅོས་གཡོག་བྱེད། དྲག་སྐྱེས་ལྟ་རྟོག ཁམས་བདེ་སེམས་ཁུར་སོགས་ཕྱོགས་ཡོངས་ཀྱི་ཞབས་ཞུ་བྱེད་དགོས། ཕྱོགས་ཁག་ཚང་མ་རྒན་སྐྱོར་དགེ་སྒྲུབ་སྤྱི་ཕན་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་འདེད་བཏང་ནས། རྒན་རྒོན་རྣམས་ཀྱིས་མུ་མཐུད་ནུས་ཤུགས་ལྷག་མ་འདོན་པའི་གོ་སྐབས་དེ་བས་མང་ཙམ་གཏོད་པ་དང་རྒན་བཀུར་རྒན་གཅེས་ཀྱི་སྤྱི་ཚོགས་རྣམ་པ་གཏོད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།