[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་བདེ་འཇགས་ལྡན་ལ་སྒྲིག་ལམ་ཡག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    གསར་འགོད་པར་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་བར། ཟླ་10ཚེས་1ནས་ཚེས་7ཉིན་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་དང་བདེ་འཇགས་ལྡན་ལ་སྒྲིག་ལམ་ཡག་པོ་ཡོད་པ་རེད། རྒྱལ་ཡོངས་ཀྱི་ཉེས་དོན་གྱི་གནས་ཚུལ་དུས་མཚུངས་ལས་8.7%ཆག་པ་དང་། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིལ་འགྲུལ་གྱི་ལས་འཛོལ་46%ཆག་པ། གཙོ་གནད་ཡུལ་སྐོར་གྲོང་ཁྱེར་དང་མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་གོ་རིམ་ལྡན་པ་དང་ས་གནས་ཁག་གི་མང་ཚོགས་རང་བཞིན་གྱི་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཆེ་གྲས་852དང་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤོར་བའི་བྱེད་སྒོ་132བདེ་བླག་ངང་སྤེལ་ཡོད།

    ཟླ་10ཚེས་1ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་པེ་ཅིང་དུ་བདེ་བླག་ངང་སྤེལ་ཏེ་རྟེན་འབྲེལ་ཆེན་མོའི་བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཚོགས་ར་གཙོ་བོ་དང་། ནུས་ཤུགས་གཙོ་བོ། འགན་འཁྲི་གཙོ་བོ་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་བདེ་འཇགས་དང་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་པ་དང་། རྒྱལ་སྟོན་བྱེད་སྒོ་དུས་བདེ་དང་། འཆམ་མཐུན། སྤྲོ་སྐྱིད་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ཡོད།

    དུས་ཆེན་རིང་། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། རྒྱལ་ཡོངས་ཀྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཚད་དང་མི་སྣ་འཆི་ཚད་དུས་མཚུངས་ལས་ཁག་སོ་སོར་46%དང་50.5%ཆག་ཡོད་ཅིང་། ལྕགས་ལམ་དང་། མཁའ་འགྲུལ་སྤྱི་བདེ་ལས་ཁུངས་ཀྱིས་རིགས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དང་། བདེ་འཇགས་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་གི་བྱེད་ཐབས་དོན་འཁྱོལ་བྱེད་པར་དམ་འཛིན་བྱས་པས་སྐྱེལ་འདྲེན་གྱི་སྒྲིག་ལམ་ཡག་པོ་ཡོད་པ་རེད། དེ་མིན་ས་གནས་ཁག་གིས་གཙོ་གནད་མཛེས་ལྗོངས་ཁུལ་དུ་ཉེན་རྟོག་སྟོབས་ཤུགས་མང་དུ་བཏང་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་བདེ་འཇགས་གོ་རིམ་ལྡན་པ་ཞིག་ཡོང་བའི་འགན་ལེན་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།