[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་ཟླ་བའི་ལྷ་མོ་ཨང་བཞི་པ་ཐང་འབབ་བྱ་ཡུལ་གནད་འཁེལ་ངང་གཏན་འཁེལ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    ཟླ་བའི་ལྷ་མོ་ཨང་བཞི་པ་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཡོད། ཀྲུང་གོ་ཚན་རིག་ཁང་རྒྱལ་ཁབ་གནམ་དཔྱད་ལས་ཁུངས་ཀྱི་ཚན་ཞིབ་ཚོགས་པ་ཞིག་གིས་ཉིན་ཤས་གོང་གྲངས་གཞིར་བརྟེན་ནས་ཟླ་བའི་ལྷ་མོ་ཨང་བཞི་པ་ཐང་འབབ་བྱ་ཡུལ་གནད་འཁེལ་ངང་གཏན་འཁེལ་བྱས་པ་དང་འབྲེལ། དེ་ཟླ་བའི་གོ་ལར་འབྱོར་བའི་བརྒྱུད་རིམ་བསྟན་པ་རེད། གྲུབ་འབྲས་དེ་ནི་ཟླ་བའི་གོ་ལའི་རྒྱབ་ངོས་ཀྱི་ཚོད་འཛིན་ས་ཚིགས་ཀྱི་ཞིབ་འཇུག་དང་སྤུས་ཚད་མཐོ་བའི་ཟླ་བའི་གོ་ལའི་ཐིག་རིས་འབྲི་བའི་རྨང་གཞི་ཞིག་རེད། དེས་རང་རྒྱལ་གྱི་འབྱུང་འགྱུར་གྱི་བར་སྣང་བརྟག་ཞིབ་ལས་དོན་ལ་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་འཇུག་གི་གྲུབ་འབྲས་དེས་ཟླ་བའི་ལྷ་མོ་ཨང་བཞི་པ་ཐང་འབབ་འཕྲུལ་ཆས་དང་རི་བོང་ཅན་ཨང་གཉིས་པ་ཟླ་བའི་གོ་ལའི་འཁོར་ལོས་ཚན་རིག་གི་འཚོལ་ཞིབ་ཐིག་ལེན་བྱ་རྒྱུར་རྒྱབ་ལྗོངས་ཀྱི་ཆ་འཕྲིན་དང་གནས་སའི་གཞི་འཛིན་ས་མཁོ་འདོན་བྱས་པ་དང་། དུས་མཚུངས་རང་རྒྱལ་གྱིས་སླད་ཕྱིན་རྒྱུ་སྐར་ཆུང་གྲས་འབྱར་བ་དང་སྐར་མ་མིག་དམར་ཐོག་སྐྱོན་མེད་ཐང་འབབ་བྱ་རྒྱུ་སོགས་ཀྱི་ཚན་རིག་རྟོག་ཞིབ་ལས་འགན་ལ་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།