[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཉེན་ཆེའི་ཕུག་ལམ་ཞིག་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-01

    ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ཀྲུང་གོ་ལྕགས་ལམ་ཅུས་ཉི་ཤུ་རྩ་གཅིག་ཚོགས་པས་སྐྲུན་འགན་འཁུར་བའི་ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཝུན་པི་ཧྲན་ཕུག་ལམ་གཉིས་པ་ཉེ་ཆར་བདེ་བླག་ངང་ཏལ་འབིགས་ཐུབ་པ་དེ་ནི་ཡུན་ནན་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་དུ་ཏལ་འབིགས་ཐུབ་པའི་རིམ་པ་དང་པོའི་ཉེན་ཆེའི་ཕུག་ལམ་དང་པོ་དེ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ལ་ལམ་ཐག་སྤྱི་ལེ་139ཙམ་ཡོད་པ་དང་། ཝུན་པི་རི་བོའི་ཕུག་ལམ་གཉིས་པ་དེ་ཡུན་ནན་ཞིང་ཆེན་ལི་ཅང་གྲོང་ཁྱེར་གྱི་ས་ཁོངས་སུ་གནས་པ་དང་རིང་ཚད་ལ་སྨི་3253ཡོད། ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ནི་རང་རྒྱལ་གྱི་དུས་ཡུན་རིང་འབྲིང་གི་ལྕགས་ལམ་དྲ་བ་འཆར་འགོད་ཁྲོད་ཀྱི“ནུབ་རྒྱུད་ཀྱི་ལྕགས་ལམ་དྲ་བའི”གྲུབ་ཆ་གལ་ཆེན་ཞིག་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།