[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཉམ་དུ་ཀྲུང་ཧྥའི་དཔལ་འབྱོར་དབུ་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་པ་དང་ཤིས་ཚིག་སྒྲོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    677665_yis_1573102364027.jpg

    ཟླ་11ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཉམ་དུ་ཀྲུང་ཧྥའི་དཔལ་འབྱོར་དབུ་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཀྲུང་ཧྥ་དཔལ་འབྱོར་དབུ་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཤིས་ཚིག་སྒྲོན་བཞིན་པ།

     ཚེས་6ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་མཉམ་དུ་ཀྲུང་ཧྥའི་དཔལ་འབྱོར་དབུ་ཚོགས་ཀྱི་མཇུག་འགྲིལ་མཛད་སྒོར་ཞུགས་པ་རེད། ཞི་ཅིན་ཕིང་གིས་ཤིས་ཚིག་ནང་། ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་ཕྱི་ནང་མཉམ་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་པས་རང་ངོས་འཕེལ་རྒྱས་མངོན་འགྱུར་བྱུང་བ་དང་ཆབས་ཅིག་རྒྱལ་ཁབ་གཞན་དང་དེའི་མི་དམངས་ལའང་ཕན་པ་དེ་བས་མང་བ་བསྐྲུན་ཡོད། ཧྥ་རན་སེ་དང་ཡོ་རོབ་བཟོ་ཚོང་ལས་རིགས་ཀྱི་ངོས་ནས་བརྗོད་ན། ཀྲུང་གོའི་འཕེལ་རྒྱས་ནི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཡིན། ཀྲུང་གོའི་སྒོ་མོ་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ལ་འབྱེད་རྒྱུ་ཡིན་ལ་ཧྥ་རན་སེ་དང་ཡོ་རོབ་ཀྱི་སྒོ་མོ་ཡང་ཀྲུང་གོའི་མ་འཇོག་མཁན་ལ་དྲང་གཞག་ངང་འབྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། ཧྥ་རན་སེ་དང་ཡོ་རོབ་དང་མཉམ་དུ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། སྲུང་སྐྱོང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ལ་ངོ་རྒོལ་བྱེད་པ། རང་མོས་སྒོ་དབྱེའི་ཚོང་དོན་དང་མ་འཇོག་སྲིད་ཇུས་ཀྱི་ཁོར་ཡུག་གཏོད་པ་བཅས་བྱས་ནས་འཛམ་གླིང་གི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་སྣོན་འདོད་ཡོད།

    ང་ཚོས་སྒོ་འབྱེད་བསྟུན་མཁས་ཀྱི་རྣམ་འགྱུར་གཙོ་བོར་འཛིན་པ་དང་སྒོ་དབྱེ་དང་། སྤྱོད་གཙང་། ལྗང་མདོག་བཅས་ཀྱི་འདུ་ཤེས་ལ་དམིགས་ནས་ཚང་མས་དང་ལེན་བྱེད་པའི་རྒྱལ་སྤྱིའི་སྒྲིག་སྲོལ་གྱི་ཚད་གཞི་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ་དང་ཚད་གཞི་མཐོ་བ་དང་། དམངས་འཚོར་ཕན་པ། རྒྱུན་མཐུད་རང་བཞིན་གྱི་དམིགས་ཚད་བཅས་མངོན་འགྱུར་ཧུར་ཐག་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས། ང་ཚོས་ད་དུང་གསར་འབྱེད་གསར་གཏོད་བྱས་ནས་ཀྲུང་ཧྥའི་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱོགས་གཉིས་ཀས་སྒོ་དབྱེ་དང་དྲང་གཞག་ངང་འགྲན་རྩོད་བྱེད་པའི་མ་འཇོག་ཁོར་ཡུག་བསྐྲུན་ནས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་དང་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། དེས་མ་ཚད་ང་ཚོས་རྒྱལ་ཁབ་ཆེ་མོའི་འགན་འཁྲི་ཁུར་ནས་མཉམ་ལས་བྱས་ཏེ་གོ་ལ་ཧྲིལ་པོའི་བཅོས་སྒྲིག་མཚལ་ཡིག་དང་ཐག་གཅོད་བྱེད་པ་དང་། ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    མ་ཁེ་ལུང་གིས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། དེས་ཧྥ་རན་སེ་ཚུད་པའི་རྒྱལ་ཁབ་ཁག་ལ་གོ་སྐབས་གལ་ཆེན་མཁོ་འདོན་བྱ་ངེས་རེད། ཧྥ་རན་སེའི་ཁེ་ལས་ཀྱིས་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ཐོག་ནས་ཀྲུང་གོའི་ཁྲོམ་ར་མུ་མཐུད་གསར་གཏོད་བྱ་རྒྱུ་ཡིན། ཧྥ་རན་སེ་དང་ཡོ་རོབ་ཀྱིས་ཀྱང་ཀྲུང་གོར་ཁྲོམ་རའི་སྒོ་མོ་འབྱེད་པ་དང་ཀྲུང་གོའི་ཁེ་ལས་མ་འཇོག་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུས་ཏེ་ཁོང་ཚོར་དྲང་གཞག་ངང་འགྲན་རྩོད་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་སྐྲུན་དགོས། ཧྥ་ཀྲུང་དང་ཡོ་ཀྲུང་གིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྱུར་བཅོས། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་པ་སོགས་ཐད་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།

    དབྱང་ཅེ་ཁྲེ་དང་། ཧུའུ་ཁྲུན་ཧྭ། ཝང་དབྱི། ཧོ་ལི་ཕུང་སོགས་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།