[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཀེ་རི་སེའི་ཙུང་ལི་ཟུར་པ་ཆི་ཕུའུ་ལཱ་སི་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཐེན་སིར་ཀེ་རི་སེའི་ཙུང་ལི་ཟུར་པ་ཆི་ཕུའུ་ལཱ་སི་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་ཆི་ཕུའུ་ལཱ་སིས་ཀེ་རི་སེའི་ཙུང་ལིའི་འགན་འཁུར་རིང་ཀྲུང་གོ་དང་ཀེ་རི་སེའི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཆེན་པོ་གནང་བར་ཚད་མཐོའི་བསྔགས་བརྗོད་གནང་བ་རེད། ཞི་ཅིན་ཕིང་གིས་རྒྱལ་ཁབ་དང་རྒྱལ་ཁབ་དབར་འགྲོ་འོང་བྱེད་སྐབས་ཁེ་ཕན་ལ་བལྟ་དགོས་ལ། དེ་བས་ལ་རྒྱར་བརྩི་དགོས། གཞན་ལ་རོགས་པ་བྱས་ན་རང་ཉིད་སྣང་བ་སྐྱིད་ཅེས་པའི་དཔེ་ལྟར། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀེ་རི་སེའི་སྲིད་གཞུང་དང་མི་དམངས་ཀྱིས་དངུལ་རྩའི་ཉམས་ཉེན་གྱི་ཤུགས་རྐྱེན་ལ་ཁ་གཏད་གཅོག་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལའང་སྐུལ་འདེད་མཐའ་གཅིག་ཏུ་གཏོང་རྒྱུ་ཡིན། ད་ལྟ་ཀེ་རི་སེའི་དཔལ་འབྱོར་དཀའ་ངལ་གྱི་ཁྲོད་ནས་གྲོལ་ཏེ་སླར་གསོ་ཐུབ་པ་དང་། ཀྲུང་གོ་དང་ཀེ་རི་སེའི་མཉམ་ལས་ལའང་གྲུབ་འབྲས་གལ་ཆེན་ཐོབ་པ། ལྷག་པར་དུ་པི་ལུའེ་ཨའེ་ཕུའུ་སི་གྲུ་ཁའི་རྣམ་གྲངས་ལ་ཕན་འབྲས་གསར་པ་ཐོན་པ། གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་བ་བཅས་མཐོང་སྐབས་ང་རང་སེམས་གཏིང་ནས་དགའ་པོ་བྱུང་། ཀྲུང་གོ་དང་ཀེ་རི་སེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་རྗེས་ཀེ་རི་སེར་ས་ཁོངས་འགྲིམ་འགྲུལ་ཟོག་འགྲེམས་ལྟེ་གནས་ཀྱི་གནས་བབ་གཏོད་པའི་དམིགས་ཚད་མངོན་འགྱུར་བྱེད་རོགས་ཐུབ་ལ། ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་ཁྲིད་ནུས་ལྡན་ཐུབ་ནས་རྒྱལ་ཁབ་གཉིས་པོའི་མ་འོངས་པའི་མཉམ་ལས་མདུན་ལམ་དེ་བས་ཡངས་སུ་འགྲོ་རྒྱུའི་ཡིད་ཆེས་ཡོད། ཁྱེད་དང་ཁྱེད་ཀྱིས་འགོ་ཁྲིད་གནང་བའི་སྲིད་ཏང་གིས་ཀྲུང་ཀེའི་འབྲེལ་བ་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།