[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲི་ཆུའི་ཟུར་གསུམ་ཁུལ་དུ་གྲོང་གསེབ་དར་རྒྱས་ཀྱི་ཞིབ་འཇུག་ཁང་བཙུགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    འབྲི་ཆུའི་ཟུར་གསུམ་ས་ཁོངས་ཀྱི་ཞིང་ལས་ཚན་རྩལ་སྟོབས་ཤུགས་ཀྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་ཞིང་ལས་ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་དང་ཞིང་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱ་ཆེད། ཧྲང་ཧའེ་དང་། ཅང་སུའུ། ཀྲེ་ཅང་། ཨན་ཧུའེ་བཅས་ཞིང་ཆེན་གསུམ་དང་གྲོང་ཁྱེར་གཅིག་གི་ཞིང་ལས་ཚན་རིག་ཁང་མཉམ་འབྲེལ་བྱས་ནས“འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཞིབ་འཇུག་ཁང”བཙུགས་པ་རེད། ཚེས་11ཉིན་འཚོགས་པའི་འབྲི་ཆུའི་ཟུར་གསུམ་ཁུལ་ཞིང་ལས་ཚན་རྩལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་བགྲོ་གླེང་ཚོགས་འདུའི་ཐོག་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གྲོང་གསེབ་དར་རྒྱས་ཞིབ་འཇུག་ཁང་གི་ལས་འཛིན་ལྷན་ཚོགས་བཙུགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།