[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རྩི་ཤིང་སྣ་མང་ཅན་སྲུང་སྐྱོང་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    ཚེས་12ཉིན་གསར་འགོད་པར་ཀྲུང་གོའི་བདག་ཏུ་མ་བཟུང་བའི་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར《ཀྲུང་གོའི་རྩི་ཤིང་སྲུང་སྐྱོབ་འཐབ་ཇུས(2021ནས་2030ལོ་བར)》ཁྱབ་བསྒྲགས་བྱས་པ་རེད། རྩི་ཤིང་སྣ་མང་རང་བཞིན་སྲུང་སྐྱོབ་དང་། སླར་གསོ། རྒྱུན་མཐུད་ངང་བེད་སྤྱོད་བཅས་ལ་སྐུལ་འདེད་གཏོང་ཆེད། འཐབ་ཇུས་དེས་ཉུང་མཐར་ཡང་སྟོངས་ལ་ཉེ་བའི་རྩི་ཤིང་གི་རིགས་85%ས་གནས་དེ་རང་དུ་སྲུང་སྐྱོབ་ཐུབ་པ་སོགས་དམིཌ་ཚད་ཁག་བཅོ་བརྒྱད་གཏན་འཁེལ་བྱས་ཡོད་པ་རེད།

    ཀྲུང་གོའི་བདག་ཏུ་མ་བཟུང་བའི་རྩི་ཤིང་སྲུང་སྐྱོབ་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། 2008ལོར《གོ་ལ་ཧྲིལ་པོའི་རྩི་ཤིང་སྲུང་སྐྱོབ་འཐབ་ཇུས》ཀྱི་སྒྲོམ་གཞིའི་འོག ཀྲུང་གོས《ཀྲུང་གོའི་རྩི་ཤིང་སྲུང་སྐྱོབ་འཐབ་ཇུས(2010ནས་2020ལོ་བར)》ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོའི་རྩི་ཤིང་སྲུང་སྐྱོབ་ཀྱི་དམིགས་ཚད་བཅུ་དྲུག་གི་ལག་བསྟར་འཆར་གཞི་བཟོས་ཡོད། ཞིབ་དཔྱད་བྱས་འབྲས་གསར་ཤོས་ལ་གཞིགས་ན། ཀྲུང་གོས་2020ལོའི་གོང་འཐབ་ཇུས་དམིགས་ཚད་གཙོ་བོ་75%ལེགས་གྲུབ་ཟིན་པ་དང་། 2020ལོའི་གོང་དམིགས་ཚད་ལྷག་མ་རྣམས་ལེགས་གྲུབ་ཐུབ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཅེས་བཤད།

    འགན་འཁུར་བ་དེས། ཉེ་བའི་ལོ་ཤས་རིང་། ཀྲུང་གོར་རྩི་ཤིང་སྣ་མང་ཅན་སྲུང་སྐྱོབ་ཐད་འཕེལ་རྒྱས་ཆེན་པོ་བྱུང་ཡོད། འཐབ་ཇུས་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་དང་ལག་བསྟར་ནུས་ལྡན་འགན་ལེན་བྱེད་པ་དང་ཆབས་ཅིག གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་བཅག་ནས་རྩི་ཤིང་སྣ་མང་ཅན་གྱི་ད་ལྟའི་གནས་ཚུལ་དང་། ཉེན་བཟོའི་རྒྱུ་རྐྱེན། བེད་སྤྱོད་ཀྱི་གནས་ཚུལ་བཅས་ལ་དམིགས་ནས་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་ཀྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྲིག་དང་རྩི་ཤིང་སྲུང་སྐྱོབ་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་བཟོ་དགོས་གལ་ཆེན་པོ་ཡོད་ཅེས་བཤད།

    《ཀྲུང་གོའི་རྩི་ཤིང་སྲུང་སྐྱོབ་འཐབ་ཇུས(2021ལོ་ནས་2030ལོ་བར)》གཞིར་བཟུང་། ཀྲུང་གོའི་རྩི་ཤིང་སྲུང་སྐྱོབ་ཀྱི་དམིགས་ཚད་ནང་ད་དུང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རྩི་ཤིང་80%ས་ཆ་སྤོས་ནས་སྲུང་སྐྱོབ་བྱེད་དགོས་པ་དང་། རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་རྩི་ཤིང་20%སྣོད་བཅུད་སླར་གསོ་དང་ཉམས་བཟོའི་རྣམ་གྲངས་ཐད་སྤྱོད་པ། ཤེས་རྟོགས་ཐུབ་པའི་དངོས་རིགས་ཚང་མ་ཚུད་པའི་རྒྱལ་ཁབ་ཀྱི་རྩི་ཤིང་ཆ་འཕྲིན་མ་ལག་འཛུགས་པ། བདག་ཏུ་མ་བཟུང་བའི་རྩི་ཤིང་སྲུང་སྐྱོབ་ཀྱི་མིང་གཞུང་ཟམ་མི་ཆད་པར་འཐུས་ཚང་དང་རྒྱུན་མཐུད་གསར་བརྗེ་བྱ་རྒྱུར་སྐུལ་འདེད་གཏོང་བ། དོ་དམ་འཆར་གཞི་ནུས་ལྡན་བཟོས་ཏེ་སྐྱེ་དངོས་གསར་པའི་གནོད་འཚེར་སྔོན་འགོག་བྱེད་པ་དང་སྦྲགས། དེར་གནོད་སྐྱེལ་མཁན་རྩི་ཤིང་སྣ་མང་རང་བཞིན་གྱི་ས་ཁུལ་ལ་དོ་དམ་བྱེད་པ། རྒྱལ་སྤྱིའི་ཚོང་དོན་གྱིས་བདག་ཏུ་མ་བཟུང་བའི་རྩི་ཤིང་གི་རིགས་ལ་ཉེན་ཁ་བཟོ་རྒྱུ་གཏན་འགོག་བྱེད་པ། རྒྱལ་ཁབ་དང་། ས་ཁོངས། རྒྱལ་སྤྱིའི་རིམ་པ་བཅས་སུ་རྩི་ཤིང་སྲུང་སྐྱོབ་སྒྲིག་གཞི་དང་། རོགས་ཟླའི་འབྲེལ་བ། དྲ་རྒྱ་བཅས་འཛུགས་པའམ་ཡང་ན་དེར་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།