[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནང་སོག་གིས་ཨོ་ཝུན་ཁེ་རིགས་ཀྱི་སྟོངས་ལ་ཉེ་བའི་དམངས་ཁྲོད་རོལ་དབྱངས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    གསར་འགོད་པར་ནང་སོག་རང་སྐྱོང་ལྗོངས་སྒྱུ་རྩལ་སློབ་གླིང་ནས་ཤེས་རྟོགས་བྱུང་བར། ནང་སོག་གིས་མི་འབོར་དེ་ཙམ་མང་པོ་མེད་པའི་ཨོ་ཝུན་ཁེ་རིགས་ཀྱི་སྟོངས་ལ་ཉེ་བའི་དམངས་ཁྲོད་རོལ་དབྱངས་ལ་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱས་ཤིང་། ཨོ་ཝུན་ཁེ་རིགས་ཀྱི་ཉི་མ་ཧན་གཞས་མ་གཏམ་གྱི་རྒྱུན་འཛིན་པ་བགྲེས་སོང་ཧོ་ཤིའུ་ཀྲེ་ཡི་གཞས་ཕབ་འཇུག་བྱས་ནས་པར་སྐྲུན་འགྲེམས་སྤེལ་བྱས་པ་རེད།

    ཉིན་ཤས་གོང་། འགྲེམས་སྤེལ་བྱས་པའི《ཡུ་མོའི་གཞས—ཨོ་ཝུན་ཁེ་སུའོ་ལུན་པུའུ་ཉི་མ་ཧན་གྱི་རྒྱུན་འཛིན་པ་བགྲེས་སོང་ཧོ་ཤིའུ་ཀྲེ་ཡི་གཞས་མ་གཏམ་གྱི་ཆེད་སྒྲིག》ནང་། བགྲེས་སོང་ཧོ་ཤིའུ་ཀྲེ་ཡིས་བླངས་པའི《ཡུ་མོའི་གཞས》དང་། 《ཨོ་ཝུན་ཁེ་བའི་མཚོ་སྒྲོལ་གྱི་ངག་རྒྱུན》 《ཧེ་ལུང་ཅང་དང་རི་བོ་ཏ་ཤིང་ཨན་ལིང་གི་ངག་རྒྱུན》སོགས་ཨོ་ཝུན་ཁེ་རིགས་ཀྱི་ཉི་མ་ཧན་གཞས་མ་གཏམ་གྱི་གཏམ་རྒྱུད་རིང་གྲས་7ཕབ་འཇུག་བྱས་པ་དང་། དེ་ནི་ཉེ་བའི་ལོ་ཤས་རིང་ཨོ་ཝུན་ཁེ་རིགས་ཀྱི་དམངས་ཁྲོད་རིག་གནས་མྱུར་སྐྱོབ་ལེགས་སྒྲིག་བྱས་པའི་གྲུབ་འབྲས་གལ་ཆེན་ཞིག་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་སྒྲིག་དེ་པར་སྐྲུན་འགྲེམས་སྤེལ་བྱེད་པའི་དམིགས་ཡུལ་ནི། ཨོ་ཝུན་ཁེ་རིགས་སུའོ་ལུན་རྒྱུད་ཀྱི་དམངས་ཁྲོད་རིག་གནས་ཀྱི་མ་དཔེ་ཉར་ཚགས་བྱས་ནས། སླད་ཕྱིན་གྱི་སྲོལ་རྒྱུན་རིག་གནས་ཞིབ་འཇུག་ཐད་ངག་རྒྱུན་གྱི་དཔྱད་གཞི་རྩ་ཆེན་ཞིག་མཁོ་འདོན་བྱ་ཆེད་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།