[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ན་སོ་དར་ལ་མ་བབས་པའི་མི་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཚུད་པ་བཀག་འགོག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་བྱ་ཐབས་ཁག་དྲུག་བཏོན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    《བརྡ་ཐོའི》ནང་ཁྱོན་བྱ་ཐབས་ཁག་དྲུག་བཏོན་པ་སྟེ།

    ཉེ་ཆར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁང་གིས《ན་སོ་དར་ལ་མ་བབས་པའི་མི་དྲ་རྒྱའི་རོལ་རྩེད་ལ་དབྱིངས་ཚུད་པ་བཀག་འགོག་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་ལ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་ཡོད།

    གཅིག་ནས་དྲ་རྒྱའི་རོལ་རྩེད་ལ་ཞུགས་སྐབས་མིང་ངོ་མ་ཐོ་འགོད་དགོས་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ།

    དེར་དམིགས་ནས《བརྡ་ཐོའི》ནང་མིང་ངོ་མ་སྤྱད་ནས་ཐོ་འགོད་ནན་པོ་བྱེད་རྒྱུའི་བླང་བྱ་བཏོན་པ་དང་། དྲ་རྒྱའི་རོལ་རྩེད་རྩེ་མཁན་ཚང་མས་སྤྱོད་གོ་ཆོད་པའི་ཐོབ་ཐང་ཆ་འཕྲིན་སྤྱད་ན་རོལ་རྩེད་བརྩེ་ཆོག་པ།

    གཉིས་ནས་ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་རོལ་རྩེད་རྩེ་ཡུན་ལ་ཚོད་འཛིན་ནན་པོ་བྱེད་རྒྱུ།

    ཉིན་ལྟར་གྱི་ཆུ་ཚོད་22ནས་ཉིན་གཉིས་པའི་ཆུ་ཚོད་8པའི་བར་ན་སོ་དར་ལ་མ་བབས་པའི་མིར་རོལ་རྩེད་ཞབས་འདེགས་ཞུ་མི་ཆོག་པ་དང་། ཁྲིམས་གཏན་འཁེལ་བའི་ངལ་གསོའི་དུས་ཚོད་ལ་ཉིན་རེར་རོལ་རྩེད་ཆུ་ཚོད་3དང་དེ་མིན་གྱི་དུས་ཚོད་ལ་ཉིན་ལྟར་ཆུ་ཚོད་གཅིག་དང་ཕྱེད་ཀ་ལས་བརྒལ་མི་ཆོག་པ།

    གསུམ་ནས་ན་སོ་དར་ལ་མ་བབས་པའི་མིར་གྲོན་བསྡུའི་རོལ་རྩེད་ཞབས་འདེགས་ཚད་ལྡན་ཞུ་རྒྱུ།

    དྲ་རྒྱའི་རོལ་རྩེད་ཁེ་ལས་ཀྱིས་ལོ་བརྒྱད་ལ་སླེབས་མེད་རིགས་ལ་གྲོན་བསྡུའི་རོལ་རྩེད་ཞབས་འདེགས་ཞུ་མི་ཆོག་པ་གཏན་འཁེལ་བྱས་པ།

    དྲ་རྒྱའི་རོལ་རྩེད་ཁེ་ལས་གཅིག་གིས་མཁོ་འདོན་བྱས་པའི་གྲོན་བསྡུའི་ཞབས་འདེགས།

    ལོ་8ཡན་དང་ལོ་16མན་གྱི་ན་སོ་དར་ལ་མ་བབས་པའི་མིས་ཐེངས་གཅིག་ལ་དངུལ་མང་ཤོས་མི་དམངས་ཤོག་སྒོར་50ལས་བླུག་མི་ཆོག་པ་དང་། ཟླ་རེར་དངུལ་བླུག་པའི་གྲངས་འབོར་ཁྱོན་མི་དམངས་ཤོག་སྒོར་200ལས་བརྒལ་མི་ཆོག་པ།

    ལོ་16ཡན་གྱི་ན་སོ་དར་ལ་མ་བབས་པའི་མིས་ཐེངས་གཅིག་ལ་དངུལ་མང་ཤོས་མི་དམངས་ཤོག་སྒོར་100ལས་བླུག་མི་ཆོག་པ་དང་། ཟླ་རེར་དངུལ་བླུག་པའི་གྲངས་འབོར་ཁྱོན་མི་དམངས་ཤོག་སྒོར་400ལས་བརྒལ་མི་ཆོག་པ།

    བཞི་ནས་ལས་རིགས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་ཏན་ཏིག་རྒྱག་རྒྱུ།

    ལྔ་ནས་ན་རན་དྲན་སྐུལ་ལམ་ལུགས་འཚོལ་ཞིབ་བྱས་ནས་ལག་བསྟར་བྱེད་རྒྱུ།

    དྲུག་ནས་ཁྱིམ་བདག་དང་སློབ་གྲྭ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་ཀྱིས་ན་སོ་དར་ལ་མ་བབས་པའི་མི་ལ་ལྟ་སྐྱོང་དང་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་བར་ཁྲིད་སྟོན་ཧུར་ཐག་བྱས་ནས། ན་སོ་དར་ལ་མ་བབས་པའི་མིར་དྲ་རྒྱའི་རོལ་རྩེད་ཀྱི་འཛད་སྤྱོད་འདུ་ཤེས་དང་སྤྱོད་ལམ་གྱི་གོམས་གཤིས་ཡང་དག་འཇགས་པར་རོགས་རམ་བྱེད་རྒྱུ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།