[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-02

    ཚེས་30ཉིན། གསར་འགོད་པར་རྒྱལ་ཡོངས་འབྲོག་ལས་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་སྟེ། མཁོ་སྤྲོད་འགན་ལེན་བྱས་ནས་ཤ་དང་། སྒོ་ང་། དཀར་ཆུ་བཅས་ཀྱི་ཐོན་འབབ་བསྡོམས་འབོར་ལོ་8བསྟུད་མར་ཏུན་དུང་ཕྱུར་1.4ཡན་བརྟན་པོ་བྱུང་ནས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་ཕྱོགས་བསྡུས་གཞི་ཁྱོན་ཅན་དུ་གྱུར་ཚད་60.5%ཟིན་པ་དང་། བདེ་འཇགས་འགན་ལེན་བྱས་ནས་ཕྱུགས་ཟོག་ཐོན་རྫས་འཐེན་བཤེར་གྱི་ཚད་ལོན་ཚད་98.6%ཟིན་ཏེ། སྤུས་ཚད་བདེ་འཇགས་ཀྱི་ཆུ་ཚད་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་པ། སྣོད་བཅུད་འགན་ལེན་བྱས་ནས་རྒྱལ་ཡོངས་ཀྱི་སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཕྱོགས་བསྡུས་སྤྱོད་ཚད་74%ལྷག་ཙམ་ཟིན་ཏེ། ལྗང་མདོག་འཕེལ་རྒྱས་ལ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་རང་རྒྱལ་གྱི་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་འགག་རྩའི་དུས་སྐབས་སུ་གནས་ཡོད་ཅིང་། ཐོན་ལས་འཕེལ་རྒྱས་དོ་སྙོམས་དང་། མཐུན་སྦྱོར། གང་ལེགས་བཅས་མ་བྱུང་བའི་གནད་དོན་སྔར་བཞིན་ཐོན་མང་བ་དང་། ལྷག་པར་དུ་ན་ནིང་ཨ་ཧྥེ་རི་ཁའི་ཕག་ནད་ཐོན་པ་ནས་བཟུང་། ཐོན་ལས་ནང་ཁུལ་གྱི་གཏིང་ཟབ་པའི་གནད་དོན་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། གོམ་སྟབས་རྗེས་མར་ཞིང་ལས་གྲོང་གསེབ་པུས་དེང་སྐབས་ལ་གཞི་ཚུགས་ཏེ་ཕག་པ་ཐོན་སྐྱེད་མགྱོགས་མྱུར་སླར་གསོ་བྱ་རྒྱུ་ཡིན་པ་སྟེ། ཉེ་བའི་ལོ་གསུམ་རིང་། ཕག་པ་ཐོན་སྐྱེད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ཁག་བགོས་ཞིབ་ཚགས་བྱས་ཏེ། ལྟ་ཞིབ་དང་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་ནང་གཏན་འཁེལ་བའི་དམིགས་ཚད་སྒྲུབ་རྒྱུའི་འགན་ལེན་བྱེད་པ་དང་། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ་གསར་སྐྲུན་དང་། རྒྱས་སྐྲུན། བསྐྱར་སྐྲུན་བཅས་ལ་རྒྱབ་སྐྱོར་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་དངོས་ཡོད་ཀྱི་ཐོན་ནུས་མགྱོགས་མྱུར་ཆགས་པ་བྱེད་པ། གསོ་སྤེལ་ཁེ་ལས་ཆེ་གྲས་ཀྱིས“ཀུང་སི+ཞིང་དུད”དང་། བོགས་མར་གཏོང་ལེན་ཟླ་སྒྲིལ་གཏོང་བ། ཐོན་སྐྱེད་ཚབ་གཉེར། རོགས་ཟླའི་ལམ་ལུགས་སོགས་ཀྱི་རྣམ་པ་མང་པོ་བརྒྱུད། གསོ་སྤེལ་ར་བ་འབྲིང་ཆུང་གི་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རྒྱབ་སྐྱོར་བྱེད་པ། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་རེད། རྒྱལ་ཡོངས་ཀྱི་ལོ་རེའི་བཤས་གཏོང་ཚད་མགོ་གྲངས་500ཡན་གྱི་གཞི་ཁྱོན་ཅན་ལོ་རེའི་ཕག་གསོ་ར་བ་ཚང་མ་ལྟ་ཞིབ་ཚད་ལེན་གྱི་བཀོད་གཏོང་ཁྱབ་ཁོངས་སུ་བཅུག་ནས། དུས་བབ་ཞིབ་གཅོད་དང་ཁྲོམ་རའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ཐོག གསོ་སྤེལ་གྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ནད་ཡམས་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱས་ནས་མཛུབ་ཁྲིད་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུ་དང་། གསོ་སྤེལ་ར་བའི་སྐྱེ་དངོས་བདེ་འཇགས་ཀྱི་ཆུ་ཚད་དང་གསོ་ཚགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།