[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མི་ཁག་དང་པོ་གདན་དྲངས་ཏེ།

    ཟླ་12པའི་ཟླ་འགོར་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ནས་ཞིང་ཆེན(གྲོང་ཁྱེར)10རུ་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

     ཟླ་11ཚེས་30ཉིན་པེ་ཅིང་དུ་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མིའི་གསོ་སྦྱོང་འཛིན་གྲྭ་འགོ་ཚུགས་པ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་དབྱི་ཤིན་གྱིས། ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཀྱི་ལས་དོན་སྤེལ་དོན་ནི་ལྟ་སྐུལ་མཛུབ་ཁྲིད་བྱེད་ཐབས་གསར་གཏོད་བྱས་ནས། ཆེད་དོན་འཐབ་རྩོད་ཀྱི“འགག་གནད”དང་། “དཀའ་ཚེགས”“དཀའ་གནད”བཅས་ལ་དམིགས་ནས་རྒྱུན་རྣམ་ཅན་དང་། ཆེད་ལས་ཅན། སྟབས་བསྟུན་རྣམ་པ། དམིགས་བཀར་རྣམ་པ་བཅས་ཀྱི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ལ་མུ་མཐུད་ཤུགས་རྒྱག་པ་དང་རིམ་པ་བཞིན་སྐུལ་འདེད་གཏོང་རྒྱུ་དེ་རེད་ཅེས་བརྗོད།

    གསོ་སྦྱོང་འཛིན་གྲྭའི་ཐོག་རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མི་ཁག་དང་པོར་གདན་ཞུའི་ལག་ཁྱེར་སྤྲད་པ་དང་། རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་ལས་ཁང་གི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མི་ཁག་དང་པོར་གདན་ཞུ་བྱས་པའི་བློ་མཐུན་ཁྲོད་འགའ་ཞིག་ནི་རྒན་ཡོལ་ཞུས་མ་ཐག་པའམ་རྒྱབ་ཕྱོགས་ལས་གནས་ཀྱི་ཞིང་ཆེན་རིམ་པའི་སྲིད་ཁྲིམས་སྡེ་ཚན་གྱི་ཐིང(ཅུས)རྒན་པ་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཡིན་པ་དང་། འགའ་ཞིག་ནི་ལས་གནས་སུ་ཡོད་པའི་སྲིད་ཁྲིམས་སྡེ་ཚན་གྱི་སི་དང་ཅུས་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཡིན་པ། ད་དུང་འགའ་ཞིག་ནི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་ལ་ཞུགས་མྱོང་བའི་སྲིད་ཁྲིམས་ལས་ཀའི་རིགས་གཅིག་མཁས་ཅན་ཡང་ཡིན།

    ཤེས་རྟོགས་བྱུང་བར་གཞིགས་ན། གཞི་ཁྱོན་ཆེ་ལ་ཁྱོན་ཡོངས་ལ་ཁྱབ་པའི་ཀྲུང་དབྱང་ནག་སེལ་གཤེད་བཅོམ་གྱི་རེས་སྐོར་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་བདེ་བླག་ངང་མཇུག་འགྲིལ་བ་དང་། རེས་སྐོར་གཉིས་པ་དང་གསུམ་པའི་ལྟ་སྐུལ་མཛུབ་ཁྲིད་ཀྱི“ཕྱིར་མིག་བལྟ་བའི”ལས་དོན་ལེགས་གྲུབ་ཟིན་ནས། རྒྱུན་རྣམ་ཅན་དང་། ཆེད་ལས་ཅན། སྟབས་བསྟུན་རྣམ་པ། དམིགས་བཀར་རྣམ་པ་བཅས་ཀྱི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ལས་དོན་འགོ་འཛུགས་རྒྱུ་རེད། ཟླ་12པའི་ཟླ་འགོར། རྒྱལ་ཡོངས་ནག་སེལ་གཤེད་བཅོམ་གཞུང་དོན་ཁང་གིས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཆེད་མི་ཁག་དང་པོ་ལས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་ཏེ། ཀྲུང་དབྱང་ནག་སེལ་གཤེད་བཅོམ་གྱི་རེས་སྐོར་དང་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་མྱོང་བའི་ཧོ་པེ་དང་། ཧྲན་ཤིས། ལེའོ་ཉིང་། ཧྥུའུ་ཅན། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན་བཅས་ཞིང་ཆེན(གྲོང་ཁྱེར)10སོ་སོར་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད། ནག་སེལ་གཤེད་བཅོམ་ལྟ་སྐུལ་མཛུབ་ཁྲིད་ཀྱི་རྟ་དམག་དང་ཡན་ལག་རུ་ཆུང་ཡིན་པའི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་དུས་ཡུན་གཟའ་འཁོར་གཅིག་རིང་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཐོག གཙོ་གནད་ལས་དོན་དང་། གཙོ་གནད་གྱོད་གཞི། གཙོ་གནད་ཁུངས་སྣེ། གཙོ་གནད་ས་ཁུལ་བཅས་ལ་དམིགས་ཏེ། གནད་འཁེལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།