[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད》བཀྲམ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་1ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་གཞི་གཅིག་ཅན་འཕེལ་རྒྱས་འཆར་འགོད་ཀྱི་རྩ་གནད》བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《རྩ་གནད》ནང་། 2025ལོར་སླེབས་སྐབས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ལ་གྲུབ་འབྲས་དངོས་ཐོབ་པ་བྱེད་དགོས། ས་ཁོངས་སྒྲོལ་བ་དང་གྲོང་ཁྱེར་དང་གྲོང་གསེབ་སོགས་ཀྱི་ས་ཁོངས་ལེབ་ཁུལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཆུ་ཚད་ཅུང་མཐོ་པོར་སླེབས་པར་བྱས་ནས་ཚན་རྩལ་གསར་གཏོད་ཐོན་ལས་དང་། རྨང་གཞིའི་སྒྲིག་བཀོད། སྣོད་བཅུད་ཁོར་ཡུག སྤྱི་པའི་ཞབས་ཞུ་སོགས་ཀྱི་ཁྱབ་ཁོངས་སུ་གཞི་གཅིག་ཅན་གྱི་འཕེལ་རྒྱས་སྤྱིར་ན་ཡོང་བར་བྱས་ཐོག་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་དགོས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་རྣམ་པ་སྤྱིར་ན་ཆགས་པར་བྱེད་དགོས། ཧྲང་ཧའེ་ཡི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཅང་སུའུ་དང་། ཀྲེ་ཅང་། ཨན་ཧུའེ་བཅས་ཀྱི་དགེ་མཚན་ཆེ་རིགས་འདོན་སྤེལ་གང་ལེགས་བྱེད་དགོས། གྲོང་ཁྱེར་ཚོམ་བུའི་གྲོང་ཁྱེར་གཅིག་མཚུངས་རྣམ་པའི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གྲོང་ཁྱེར་ཚོམ་བུའི་ཁག་དབར་ནུས་ཆེ་མཉམ་འགུལ་ཡོང་བར་བྱེད་དགོས། ཞིང་སྦྲེལ་ཉེ་འཁོར་ས་ཁུལ་དང་ས་ཁོངས་སྒྲོལ་བའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཐད་ཉམས་མྱོང་དང་ལམ་ལུགས་ཆགས་རྒྱུ་འཚོལ་ཞིབ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་དང་གྲོང་གསེབ་དར་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་བྱེད་དགོས། 2025ལོར་སླེབས་སྐབས། ལྟེ་བའི་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ཧེ་བག་2.2∶1ནང་ཚུན་དུ་ཚོད་འཛིན་བྱེད་པ་དང་། ལྟེ་བའི་ཁུལ་གྱི་མི་རེའི་ཆ་སྙོམས་GDPདང་ས་ཁོངས་ཧྲིལ་པོའི་མི་རེའི་ཆ་སྙོམས་GDPདབར་གྱི་ཧེ་བག་1.2∶1བར་ཆུང་དུ་གཏོང་བ། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་70%ཟིན་པ་བཅས་བྱེད་དགོས།

    ཚན་རྩལ་གསར་གཏོད་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་མ་ལག་སྤྱིར་ན་བསྐྲུན་དགོས། ས་ཁོངས་མཐུན་སྦྱོར་གསར་གཏོད་ཀྱི་མ་ལག་སྤྱིར་ན་འགྲུབ་པར་བྱས་ནས་རྒྱལ་ཡོངས་ཀྱི་གསར་གཏོད་ཀྱི་འགོ་འཛུགས་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ལེགས་ཆའི་ཐོན་ལས་ཁྱབ་ཁོངས་ཀྱི་འགྲན་རྩོད་ནུས་པ་སྔར་བས་ཆེ་རུ་བཏང་ནས་འཛམ་གླིང་རིམ་པའི་ཐོན་ལས་ཚོགས་པ་འགའ་ཞིག་ཆགས་པར་བྱེད་དགོས། གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱས་ནས་ཐོན་ལས་འབྲིང་གྲས་དང་རྩེ་གྲའི་གྲས་སུ་སླེབས་པར་བྱེད་དགོས། 2025ལོར་སླེབས་སྐབས། ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་3%ཡན་ཟིན་པ་དང་། ཚན་རྩལ་ཡར་ཐོན་གྱིས་ལེགས་སྐྱེས་འབུལ་ཚད་65%ཟིན་པ། ལག་རྩལ་མཐོ་བའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་གྱི་བསྡུར་གྲངས་བཟུང་ཚད་18%ཟིན་པ་བཅས་བྱེད་དགོས།

    རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་སྤྱིར་ན་ཡོང་བར་བྱེད་དགོས། ལྕགས་ལམ་ཐོག་གི་འབྲི་ཆུའི་ཟུར་གསུམ་ཁུལ་སྤྱིར་ན་བསྐྲུན་ནས་ཞིང་ཆེན་བར་གྱི་གཞུང་ལམ་ཤར་གཏོང་གི་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། འཛམ་གླིང་རིམ་པའི་ཡུག་སྦྲེལ་གནམ་ཐང་གི་མ་ལག་སྤྱིར་ན་གྲུབ་པར་བྱས་ཐོག་གྲུ་ཁ་ཚོམ་བུའི་མཉམ་སྒྲུབ་ཕན་འབྲས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། ནུས་རྒྱུའི་བདེ་འཇགས་མཁོ་སྤྲོད་དང་ཕན་ཚུན་རོགས་སྐྱོར་དང་སྲུང་སྐྱོང་གི་ནུས་པ་ཆེ་རུ་མངོན་གསལ་དོད་པོ་གཏོང་བ་དང་། རབས་གསར་པའི་ཆ་འཕྲིན་སྒྲིག་ཆས་སྔོན་ལ་བཀོད་ཇུས་དང་དྲ་རྒྱ་ཆགས་པར་བྱེད་པ། བདེ་འཇགས་ཚོད་འཛིན་ཐུབ་པའི་ཆུ་དྲའི་ལས་གྲྭའི་མ་ལག་སྤྱིར་ན་སྐྲུན་པ། གཙང་ཆུ་གལ་ཆེན་གྱི་ཆུ་རགས་གཙོ་བོ་ཕྱོགས་ཡོངས་ནས་ཚད་ལོན་པ་བཅས་བྱེད་དགོས། 2025ལོར་སླེབས་སྐབས། ལྕགས་ལམ་གྱི་དྲ་བ་ཁྱབ་ཚད་སྤྱི་ལེ་507/སྤྱི་ལེ་ངོས་གྲུ་ཁྲི་ཟིན་པ་དང་། མྱུར་བགྲོད་གཞུང་ལམ་ཁྱབ་ཚད་སྤྱི་ལེ་5/སྤྱི་ལེ་ངོས་གྲུ་བརྒྱ་ཟིན་པ། 5Gདྲ་རྒྱ་ཁྱབ་ཚད་80%ཟིན་པ་བཅས་བྱེད་དགོས།

    སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་མཉམ་སྲུང་མཉམ་བཅོས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་དགོས། ས་ཁོངས་དང་རྒྱུག་ཁུལ་སྒྲོལ་བའི་སྣོད་བཅུད་དྲ་རྒྱ་སྤྱིར་ན་ཆགས་པར་བྱས་ནས་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་མཁོ་སྤྲོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁོར་ཡུག་སྦགས་བཙོག་མཉམ་འགོག་མཉམ་བཅོས་ཀྱི་ལམ་སྲོལ་འཁོར་སྐྱོད་ནུས་ལྡན་ཐུབ་པར་བྱས་ཐོག་ས་ཁོངས་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་ནུས་ལྡན་བྱེད་དགོས། སྣོད་བཅུད་ཁོར་ཡུག་མཐུན་སྦྱོར་ལྟ་འདོམས་མ་ལག་སྤྱིར་ན་བསྐྲུན་ནས་ས་ཁོངས་ཀྱི་སྣོད་བཅུད་གུན་གསབ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་ལེགས་སུ་གཏོང་དགོས། 2025ལོར་སླེབས་སྐབས། ཕྲ་རྡུལ(PM2.5)ཆ་སྙོམས་གར་ཚད་སྤྱིའི་ཆ་ནས་ཚད་ལོན་པ་དང་། ས་གནས་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་80%ཡན་ཟིན་པ། ས་ཁོངས་སྒྲོལ་བའི་ཆུ་བོའི་བཅད་ཁའི་ཆུའི་སྤུས་ཚད་ཚད་ལོན་ཚད་80%ཟིན་པ། རྩིས་གཞིའི་GDPཟད་གྲོན་2017ལོ་ལས་10%ཆག་པ་བཅས་བྱེད་དགོས།

    སྤྱི་པའི་ཞབས་ཞུ་སྟབས་བདེ་མཉམ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིའི་མ་ལག་སྤྱིར་ན་བསྐྲུན་ནས་གཞན་གྱི་སྔོན་ལ་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ཡོང་བར་བྱེད་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་མིན་པའི་མཁོ་སྤྲོད་ནུས་པ་དང་མཁོ་སྤྲོད་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྤྱིར་ན་སྐོང་དགོས། 2025ལོར་སླེབས་སྐབས། མི་རེའི་ཆ་སྙོམས་སྤྱི་པའི་ནོར་སྲིད་འགྲོ་སོང་སྒོར་ཁྲི་2.1ཟིན་པ་དང་། ངལ་རྩོལ་ལོ་ཚད་མི་འབོར་ལ་ཆ་སྙོམས་སློབ་གསོ་མྱོང་བའི་ལོ་ཚད་11.5ཟིན་པ། མི་རེའི་ཆ་སྙོམས་རེ་སྨོན་ཚེ་ཚད་ལོ་70ཟིན་པ་བཅས་བྱེད་དགོས།

    གཞི་གཅིག་ཅན་གྱི་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་ཐུབ་པར་བྱས་ནས་གཅིག་གྱུར་སྒོ་དབྱེའི་ཁྲོམ་རའི་མ་ལག་སྤྱིར་ན་བསྐྲུན་དགོས། སྲིད་འཛིན་གྱི་བཀག་རྒྱ་རིམ་གྱིས་མེད་པར་བཟོས་ནས་གཞི་གཅིག་ཅན་གྱི་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྤྱི་དང་སྦྲེལ་མཐུད་ཀྱི་ཀུན་སྤྱོད་སྒྲིག་སྲོལ་སྤྱིར་ན་བཙུགས་ནས་མཐུན་སྦྱོར་སྒོ་དབྱེའི་ཆུ་ཚད་དེ་བས་མཐོ་བར་སླེབས་པ་བྱེད་དགོས། ལམ་ལུགས་རང་བཞིན་གྱི་ཉོ་ཚོང་མ་གནས་དམའ་རུ་མངོན་གསལ་དོད་པོ་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་མངོན་གསལ་དོད་པོ་གཏོང་དགོས།

    2035ལོར་སླེབས་སྐབས། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་ཅུང་ཆུ་ཚད་མཐོ་པོར་སླེབས་པར་བྱེད་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྤྱིར་ན་བསྐྲུན་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་ཀྱི་ཧེ་བག་ཆུང་དུ་མངོན་གསལ་དོད་པོ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་དོ་སྙོམས་ཡོང་བར་བྱེད་པ། རྨང་གཞིའི་སྒྲིག་བཀོད་མཉམ་སྦྲེལ་མཉམ་མཐུད་ཕྱོགས་ཡོངས་ནས་ཡོང་བར་བྱེད་པ། མི་དམངས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ཆུ་ཚད་སྤྱི་ཡོངས་ནས་འདྲ་མཚུངས་ཡོང་བར་བྱེད་པ། གཞི་གཅིག་ཅན་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དེ་བས་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཡོངས་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་བཅས་བྱས་ནས་ཤུགས་རྐྱེན་ནུས་པ་དང་སྐུལ་ཁྲིད་ནུས་པ་ཆེ་ཤོས་ལྡན་པའི་འཕར་གཞི་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།