[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་རབ་གསལ་རྟགས་ཅན་བཅུ་གཉིས་པའི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-03

    ཟླ་11ཚེས་28ཉིན་གྱི་ཆུ་ཚོད་7དང་སྐར་མ་52ཐོག་རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་རྟགས་ཅན་བཞི་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་སྤྱད་དེ་རབ་གསལ་རྟགས་ཅན་བཅུ་གཉིས་པའི་སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་མཁའ་དབྱིངས་སུ་འཕེན་གཏོང་བྱས་པ་དང་སྲུང་སྐར་བདེ་བླག་ངང་སྔོན་གཏན་འཁེལ་བའི་འཁོར་ལམ་དུ་སླེབས་ནས་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    རབ་གསལ་རྟགས་ཅན་བཅུ་གཉིས་པའི་སྲུང་སྐར་གཙོ་བོ་རྒྱལ་ཁབ་ཀྱི་ས་ཆ་ཞིབ་བཤེར་དང་། གྲོང་ཁྱེར་གྱི་འཆར་འགོད། ས་ཆའི་དབང་ཆ་གཏན་འཁེལ། ལམ་དྲ་ཇུས་འགོད། ཞིང་ནང་སྐྱེ་དངོས་ཐོན་འབོར་ཚོད་སྐོར། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་སོགས་ཀྱི་ཁྱབ་ཁོངས་སུ་སྤྱོད་རྒྱུ་ཡིན་པ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་དང་རྒྱལ་སྲུང་དེང་རབས་ཅན་འཛུགས་སྐྲུན་ལ་ཆ་འཕྲིན་གྱི་འགན་ལེན་བྱ་རྒྱུ་རེད།

    མེ་ཤུགས་འཕུར་མདའ་མཁའ་དབྱིངས་སུ་བཏང་རྗེས་སྔོན་གཏན་འཁེལ་བའི་མཚོ་ཁོངས་ནང་སྒུག་པའི་རྒྱང་ལྟ་རྟགས་ཅན་7པའི་གྲུ་གཟིངས་ཀྱིས་གནད་འཁེལ་ཚད་ལེན་ཚོད་འཛིན་བྱས་པས་ད་ཐེངས་ཀྱི་ཚད་ལེན་ཚོད་འཛིན་ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།