[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་སུ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་10བསྐྲུན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    གསར་འགོད་པར་ཚེས་5ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། མིག་སྔར། རྒྱལ་ཡོངས་སུ་བྱང་ཤར་སྟག་གཟིག་དང་། མདོ་ལ་རིང་མོ། དོམ་ཁྲ། གཙང་གསུམ་ཆུ་འགོ ཧའེ་ནན་ཆར་ཆུ་མང་བའི་ཚ་ཁུལ་ནགས་ཚལ། ཝུའུ་དབྱི་ཧྲན། ཧྲེན་ནུང་ཅ། ཕུ་ཏ་མཚོ། ཆན་ཅང་ཡོན། ནན་ཧྲན་བཅས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་10བསྐྲུན་ཞིང་། དེ་དག་མཚོ་སྔོན་དང་། ཅི་ལིན། ཧའེ་ནན་སོགས་ཞིང་ཆེན་12དང་འབྲེལ་བ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་22ཟིན་པ་དེས་སྐམ་སའི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་2.3%བཟུང་ཡོད་པ་རེད།

    ཚོད་ལྟའི་ས་ཚིགས་ཀྱི་ལས་དོན་སྤེལ་ཚུན། ཚོད་ལྟའི་ས་ཚིགས་ཁག་གིས་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཚིགས་ཁུལ་ནང་གི་རང་བྱུང་སྲུང་སྐྱོང་བྱ་ཡུལ་ཡོངས་རྫོགས་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་བཅུག་ནས་གཅིག་གྱུར་དོ་དམ་དང་། སྤྱི་ཡོངས་སྲུང་སྐྱོང་། གོ་རིམ་ལྡན་པའི་ངང་སླར་གསོ་བཅས་བྱས་ཏེ་འཚོ་སྡོད་ཁུལ་ཁག་མཉམ་འདྲེས་ལ་སྐུལ་འདེད་བཏང་བས་རང་བྱུང་སྣོད་བཅུད་མ་ལག་གི་ཆ་ཚང་རང་བཞིན་དང་དངོས་འབྲེལ་རང་བཞིན་སྲུང་སྐྱོང་ཐུབ་ཤུགས་ཆེ་རུ་ཕྱིན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།