[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་བློ་རིག་བདེ་ཐང་རྒན་གསོའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་4ཡན་ཟིན་རེ་ཡོད་པ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-05

    ཚེས་3ཉིན་གསར་འགོད་པར་པེ་ཅིང་དུ་འཚོགས་པའི་2019ལོའི་བློ་རིག་བདེ་ཐང་རྒན་གསོའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་རང་རྒྱལ་གྱི་བློ་རིག་བདེ་ཐང་རྒན་གསོའི་ཐོན་ལས་ཀྱི་གཞི་ཁྱོན་མུ་མཐུད་མགྱོགས་མྱུར་ཆེ་རུ་ཕྱིན་ཞིང་། བསྡོམས་རྩིས་ཚད་ཞིབ་བྱས་པར་གཞིགས་ན། 2019ལོར་རང་རྒྱལ་གྱི་བློ་རིག་བདེ་ཐང་རྒན་གསོའི་ཐོན་ལས་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་3.2ཙམ་ཟིན་པ་དང་། ཉེ་བའི་ལོ་གསུམ་རིང་མཉམ་འདུས་འཕར་ཚད་18%ལས་བརྒལ་བ། སྔོན་དཔག་བྱས་ན་2020ལོའི་ཐོན་ལས་ཀྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་4ཡན་ཟིན་ཡོད་པ་རེད།

    མི་འབོར་ན་རྒས་ཅན་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་བབ་ཅིག་ཡིན་ཞིང་། རང་རྒྱལ་གྱི་ན་རྒས་ཅན་གྱི་མི་འབོར་གྱི་གཞི་ཁྱོན་ཆེ་བ་དང་། ན་རྒས་ཅན་མྱུར་བ། ན་རྒས་ཅན་གྱི་འཕེལ་རིམ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་ལས་མགྱོགས་པ་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་རང་རྒྱལ་གྱི་རྒན་རྒོན་བདེ་ཐང་གི་གནས་ཚུལ་ཡག་པོ་མེད་ཅིང་། དབང་པོའི་ནུས་པ་ཆ་ཤས་ཤོར་བའི་རྒན་རྒོན་ཁྲི་4000ཡན་ཡོད་པ་དང་དབང་པོའི་ནུས་པ་ཆ་ཚང་ཤོར་བའི་རྒན་རྒོན་ཁྲི་1200ཡན་ཡོད། 2018ལོ་བར་རང་རྒྱལ་གྱི་ལོ་60དང་དེ་ཡན་གྱི་མི་འབོར་དུང་ཕྱུར་2.5ཙམ་ཟིན་པ་དེས་མི་འབོར་བསྡོམས་གྲངས་ཀྱི་17.9%བཟུང་ཡོད། དེའི་ནང་ལོ་65དང་དེ་ཡན་གྱི་མི་འབོར་དུང་ཕྱུར་1.66ཟིན་པ་དེས་མི་འབོར་བསྡོམས་གྲངས་ཀྱི་11.9%བཟུང་བ་དང་རྒྱལ་སྤྱིའི་ན་རྒས་ཅན་7%གྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།