[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་རགས་ཙམ་མངོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

     རི་མཐོའི་གངས་ཤུད་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་གི་བཀྲག་མདངས་འཚེར་ཤོས་དེ་ཡིན་པ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཡན་ཆིང་འགྲན་ཁུལ་གྱི་ཞའོ་ཧའེ་ཐའོ་རི་བོ་ཡང་ཁ་བས་བཀླུབས་ཡོད། རི་སྟེང་དུ་གསར་སྐྲུན་བྱས་པའི་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་ཀྱི་རྣམ་པ་བརྗིད་ཉམས་དོད་པ་དང་དཀར་གཙང་གངས་ཤུད་ལམ་གཡུ་འབྲུག་འཁྱུག་པ་ལྟར་ཆགས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་ཐོག་མ་བསུ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་ནི་རྒྱལ་སྤྱིའི་གངས་ཤུད་མཐུན་ཚོགས་རི་མཐོའི་གངས་ཤུད་འཛམ་གླིང་བུམ་པའི་ཡན་ཆིང་ས་ཚིགས་རེད།

    ཟླ་2ཚེས་15དང་16ཉིན“པེ་ཅིང་དུ་ལྷན་འཛོམས”དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་དེ་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་ཀྱི་མྱུར་ཚད་འགྲན་ལམ་དུ་སྐྱེས་པའི་གངས་ཤུད་དང་རིམ་འདས་ལྟག་ལོག་ཆེན་པོ་རྒྱག་པའི་འགྲན་བསྡུར་བྱ་རྒྱུ་ཡིན་ཞིང་། དེ་ནི་རང་རྒྱལ་གྱིས་རི་མཐོའི་གངས་ཤུད་མྱུར་ཚད་རྣམ་གྲངས་ཀྱི་རྒྱལ་སྤྱིའི་འགྲན་བསྡུར་གཉེར་ཐེངས་དང་པོ་དེ་ཡིན་ལ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཚོད་ལྟའི་འགྲན་བསྡུར་ཐོག་མ་དེའང་རེད། ཟླ་1ཚེས་16ནས་20ཉིན་བར་རྒྱལ་ཡོངས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རི་མཐོའི་གངས་ཤུད་འགྲན་བསྡུར་ཡང་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་གཉེར་རྒྱུ་རེད།

    མིག་སྔར། ཚོད་ལྟའི་འགྲན་བསྡུར་ཐོག་མའི་དགོས་མཁོ་སྐོང་ཆེད་རྒྱལ་ཁབ་རི་མཐོའི་གངས་ཤུད་ལྟེ་གནས་སུ་མྱུར་ཚད་འགྲན་ལམ་དང་སྦྱོར་བརྡར་ལམ་དང་དེ་བཞིན་འབྲེལ་ཡོད་ལག་རྩལ་ལམ་བཅས་ཚང་མ་བསྐྲུན་ཟིན་ཡོད། ཆུ་མཁོ་འདོན་དང་། གློག་ཤུགས། འཕྲིན་གཏོང་མ་ལག་བཅས་སྦྲེལ་མཐུད་ཐུབ་པ་དང་གནམ་གཤིས་ལེ་ཏ་ས་ཚིགས་བསྐྲུན་ཟིན་པ། ཞབས་ཞུའི་ཚོད་ལྟའི་འགྲན་བསྡུར་ཚད་འཇལ་གྱི་འབྲེལ་ཡོད་འབྲེང་ཟམ་མ་ལག་དངོས་སུ་འཁོར་རྒྱུག་བྱས་ཡོད་པ་རེད།

    གངས་བཟོའི་ལས་དོན་ན་ནིང་གི་ཟླ་11ཚེས་15ཉིན་ནས་འགོ་ཚུགས་པ་དང་། མིག་སྔར། གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་སྟེ་འགྲན་ལམ་སྟེང་གངས་མཐུག་ཚད་ཆ་སྙོམས་སྨི་1.2བཏིང་པས་ཤིན་ཏུ་བརྗིད་ཉམས་ལྡན་པ་ཞིག་ཡོད། གོམ་སྟབས་རྗེས་མར་ཟླ་1པོའི་ཟླ་སྨད་ནས་བཟུང་། འགྲན་ལམ་སྟེང་ཆུ་བླུགས་ནས་འཁྱགས་པ་ཐེབས་སུ་འཇུག་རྒྱུ་དང་ཟླ་2པའི་ཟླ་འགོར“པེ་ཅིང་དུ་ལྷན་འཛོམས”ཀྱི་ཚོད་ལྟའི་འགྲན་བསྡུར་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།