[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡིས་གྲོང་གསེབ་ཀྱི“མི་ཕྱུགས་མཉམ་སྡོད”ཀྱི་རྣམ་པ་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཀུའེ་ཀྲོའུ་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མིག་སྔར། ཀུའེ་ཀྲོའུ་ཞིང་ཆེན་གྱི་དུད་ཚང་ཁྲི་7.12དང་འབྲེལ་བའི“མི་ཕྱུགས་མཉམ་སྡོད”ཀྱི་རྣམ་པ་བཅོས་སྒྲིག་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་སྟེ། ས་གནས་དེ་གའི་གྲོང་གསེབ་ཀྱི་སྲོལ་རྒྱུན་གནས་སྡོད་བྱེད་སྟངས་ལ་རྦད་དེ་འགྱུར་ལྡོག་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུའེ་ཀྲོའུ་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གིས། གྲོང་གསེབ་ཀྱི་མི་ཕྱུགས་གཉིས་ཀ་ཐོག་སོ་གཅིག་ཏུ་མཉམ་སྡོད་བྱེད་པ་དང་ཡང་ན་ཐོག་སོ་ལོགས་སུ་དབྱེ་ནས་མཉམ་སྡོད་བྱེད་པ་སོགས་ཀྱི“མི་ཕྱུགས་མཉམ་སྡོད”གནས་ཚུལ་ལ་དམིགས་ནས། བཅོས་སྒྲིག་ལག་རྩལ་གྱི་ལག་དེབ་བཟོས་ཏེ་སྔོན་ལ་ཚོད་ལྟ་བྱེད་པ་དང་རྗེས་སུ་ཁྱབ་གདལ་གཏོང་བའི་བྱེད་སྟངས་སྤྱད་པས། ཕྱུགས་ཚང་གསར་རྒྱག་དང་། གཅིག་སྡུད་གསོ་ཚགས་སོགས་བཅོས་སྒྲིག་ལག་རྩལ་གྱི་ལམ་ཕྱོགས་ཤིག་ཆགས་ཡོད། ཕྱུགས་ཚང་གསར་པ་རྒྱག་པའི་ཆ་རྐྱེན་མེད་རིགས་ལ། དེ་སྔའི་གནས་བཅོས་སྒྲིག་བྱ་རྒྱུའི་ལྕག་སྐུལ་བྱས་པ་དང་། གསོ་ཚགས་གཞི་ཁྱོན་ཅུང་ཆེ་རིགས་ལ། གཅིག་སྡུད་གསོ་ཚགས་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད། ལས་དོན་དངོས་ཀྱི་ཐོག་ནས། ས་ཁུལ་ཁག་ལ་བཅོས་སྒྲིག་ལག་རྩལ་དང་མ་གནས་ཞིབ་རྩིས་སོགས་ཀྱི་ཐད་ནས“མི་ཕྱུགས་མཉམ་སྡོད”རྣམ་པ་བཅོས་སྒྲིག་བྱ་རྒྱུའི་མཛུབ་ཁྲིད་བྱས་པ་རེད།

    དེ་དང་ཆབས་ཅིག བཅོས་སྒྲིག་ལས་དོན་གྱི་ལག་བསྟར་བསམ་འཆར་བཀྲམ་ནས། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ཞིབ་ཕྲའི་འགན་འཁྲི་དང་ལག་བསྟར་གཙོ་གནད་ཁ་གསལ་བཟོས་ཐོག་མང་ཚོགས་ཧུར་ཐག་ཞུགས་རྒྱུའི་ལྕག་སྐུལ་བྱས་ནས་རིགས་དབྱེའི་སྐུལ་འདེད་དང་རིམ་བཞིན་བཅོས་སྒྲིག་བྱས་པ་རེད། ཞིང་ཆེན་རིམ་པས་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཞིང་། རིམ་རྩིས་བརྒྱབ་ན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.5སྤྲད་དེ། ཤིན་ཏུ་དབུལ་བའི་ས་ཁུལ་དང་གཙོ་གནད་རོགས་སྐྱོར་བྱ་ཡུལ་རིགས་བཞིར་ཕྱོགས་ཡོངས་ནས་དམིགས་ཏེ། ཤིན་ཏུ་དབུལ་བའི་ས་ཁུལ་དང་དེ་བཞིན་པི་ཅེ་གྲོང་ཁྱེར་གྱི་དུད་ཚང་རེར་སྒོར་5000དང་རྫོང་དང་ཆུས་གཞན་དག་གི་དུད་ཚང་རེར་སྒོར་3000གི་ཚད་གཞི་ལྟར་ཁ་གསབ་མ་དངུལ་སྤྲད་པ་དང་སྦྲགས། བཅོས་སྒྲིག་ལས་འགན་ཅུང་དཀའ་ཚེགས་ཆེ་བའི་རྫོང་དང་ཆུས་ལ་ཁ་གསབ་ལོགས་སུ་སྤྲད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།