[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2019ལོའི་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་51%མང་དུ་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཚེས་11ཉིན། གསར་འགོད་པར་འཚོག་བཞིན་པའི་ཁྲུང་ཆིང་གྲོང་ཁྱེར་གྱི་ཚོགས་འདུ་གཉིས་ཀྱི་ཐོག་ནས་ཤེས་རྟོགས་བྱུང་བར། 2019ལོར་ནུབ་རྒྱུད་ཀྱི་སྐམ་མཚོའི་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་གྱི་དུས་གཏན་མེ་འཁོར་གཏོང་ཐེངས་923མང་དུ་ཕྱིན་ནས་51%འཕར་ཡོད་པ་རེད།

    སྐམ་མཚོའི་བགྲོད་ལམ་གསར་པ་ནི་ཀྲུང་གོའི་ནུབ་རྒྱུད་ཞིང་ཆེན་དང་སིང་ཀ་ཕོར་མཉམ་ལས་བྱས་ནས་གཏོད་པའི་སྐམ་མཚོའི་ཚོང་དོན་གྱི་བགྲོད་ལམ་གསར་པ་ཞིག་ཡིན་པ་དེ་ཁྲུང་ཆིང་གཉེར་སྐྱོང་ལྟེ་གནས་སུ་བྱེད་པ་དང་། ཀོང་ཤིས་དང་། ཀུའེ་ཀྲོའུ། ཀན་སུའུ། མཚོ་སྔོན། ཤིན་ཅང་སོཌ་ནུབ་རྒྱུད་ཞིང་ཆེན་འགག་རྩའི་མཚམས་ཚིགས་སུ་བྱས་ཏེ་ལྕགས་ལམ་དང་། མཚོ་ཐོག་སྐྱེལ་འདྲེན། གཞུང་ལམ་སོགས་སྐྱེལ་འདྲེན་བྱེད་སྟངས་སྤྱད་དེ་ལྷོ་ངོས་སུ་ཀོང་ཤིས་བྱང་རྒྱུད་ཀྱི་གུག་ཆ་བརྒྱུད་འཛམ་གླིང་ས་གནས་ཁག་ཏུ་སླེབས་ཀྱི་ཡོད་པ་དེས་ཤར་ཕྱོགས་ས་ཁུལ་བརྒྱུད་རྒྱ་མཚོ་སྒྲོལ་སྐབས་ལས་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ཡོད། མིག་སྔར། ནུབ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་12དང་ཧའེ་ནན་དང་ཀོང་ཏུང་ཀྲན་ཅང་གི“13+1”གི་མཉམ་ལས་མཉམ་སྐྲུན་གྱི་ལམ་སྲོལ་ཆཌ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།