[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི《ཁྱིམ་སྤྱོད་གློག་ཆས་བདེ་འཇགས་བེད་སྤྱོད་ལོ་ཚད》ཀྱི་ཚད་གཞི་རབ་དང་རིམ་པ་དངོས་སུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

     ཉེ་ཆར་ཀྲུང་གོའི་ཁྱིམ་སྤྱོད་གློག་ཆས་མཐུན་ཚོགས་ཀྱིས་ལས་རིགས་སྒྲིག་འཛུགས་བྱས་ནས་བཟོས་པའི《ཁྱིམ་སྤྱོད་གློག་ཆས་བདེ་འཇགས་བེད་སྤྱོད་ལོ་ཚད》ཀྱི་ཚད་གཞི་རབ་དང་རིམ་པ་དངོས་སུ་ཡོངས་བསྒྲགས་བྱས་པ་རེད། ཚད་གཞི་རབ་དང་རིམ་པ་དེར་གཞིགས་ནས་ཐོན་སྐྱེད་པས(བཟོ་མཁན)འཆར་འགོད་བྱས་པའི་འཁྱགས་སྒམ་དང་། དྲོད་སྙོམས་འཕྲུལ་ཆས། གོས་འཁྲུའི་འཕྲུལ་འཁོར། དུ་སྣུམ་འཐེན་ཆས། སོལ་རླངས་ཐབ་བཅས་ཀྱི་བདེ་འཇགས་བེད་སྤྱོད་ལོ་ཚད་གསལ་བཤད་བྱེད་དགོས་ངེས་རེད། དེའི་ནང་ཁྱིམ་སྤྱོད་འཁྱགས་སྒམ་དང་། རྒུན་འབྲུམ་ཨ་རག་གི་བང་ཁྲི། ཁང་པའི་མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་བཅས་ཀྱི་བདེ་འཇགས་བེད་སྤྱོད་ལོ་ཚད་ལོ་10ཡིན་པ་དང་། ཁྱིམ་སྤྱོད་གོས་འཁྲུའི་འཕྲུལ་འཁོར་དང་། སྐམ་འཁྲུའི་འཕྲུལ་འཁོར། དུ་སྣུམ་འཐེན་ཆས། ཁྱིམ་སྤྱོད་སོལ་རླངས་ཐབ་བཅས་ཀྱི་བདེ་འཇགས་བེད་སྤྱོད་ལོ་ཚད་ལོ་8ཡིན་པས་དོ་སྣང་བྱེད་དགོས་པ་ཞིག་ནི་མཁའ་རླུང་སྙོམས་སྒྲིག་གི་བདེ་འཇགས་བེད་སྤྱོད་ལོ་ཚད་ཐོན་སྐྱེད་བྱས་པའི་ཉིན་ནས་བརྩི་བ་དང་དེ་བྱིངས་རྣམས་ཕྱིར་ཚོང་གི་ཉིན་ནས་བརྩི་དགོས། དེ་ཐོག་ནས་ཁྱིམ་སྤྱོད་གློག་ཆས་དེ་དག་གི་བེད་སྤྱོད་བྱེད་ཡུན་ལ་ཆེད་ལས་ཀྱི་མཚན་ཉིད་ལྡན་པ་མཚོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།