[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་སློབ་ཞུགས་གོང་གི་སློབ་གསོར་ལོ་ཆུང་བྱིས་པའི་ཚན་རིག་སྦྲེལ་མཐུད་ཀྱི་བྱ་སྤྱོད་འཆར་གཞི་བཟོ་རྒྱུ་ཡིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-14

    ཚེས་10ཉིན་སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་2020ལོར་རྨང་གཞིའི་སློབ་གསོ་དེ་ཉིད་ཁྱབ་རྒྱ་ཆེ་རུ་གཏོང་བ་དང་གཏིང་ཟབ་ཏུ་གཏོང་བའི་ཐད་ཤུགས་སྣོན་བརྒྱབ་ནས་སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོར་ལོ་ཆུང་བྱིས་པའི་ཚན་རིག་སྦྲེལ་མཐུད་ཀྱི་བྱ་སྤྱོད་འཆར་གཞི་བཟོས་ནས་སློབ་གྲྭ་འབྲིང་ཆུང་གིས་རྒྱལ་ཁབ་ཀྱི་ཕུལ་བྱུང་གི་སློབ་ཁྲིད་ཕན་འབྲས་ཁྱབ་གདལ་གཏོང་བ་དང་། སློབ་ཁྲིད་བྱེད་སྟངས་ལེགས་སུ་གཏོང་བ། སློབ་ཁང་གི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བཤད་པ་རེད།

    ཁྲེན་པའོ་ཧྲེང་གིས་2020ལོའི་རྒྱལ་ཡོངས་ཀྱི་སློབ་གསོའི་ལས་དོན་ཚོགས་འདུའི་ཐོག་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་དེ་གཙོ་བོ་སློབ་ཞུགས་གོང་དང་མཐོ་རིམ་སློབ་འབྲིང་གི་དུས་སྐབས་སུ་རེད། སློབ་ཞུགས་གོང་གི་སློབ་གསོས་ཁུལ་ཆུང་གི་ལེ་ལག་ཚང་སྒྲིག་ཁང་བཅོས་སྒྲིག་གཙོ་གནད་དུ་དམ་འཛིན་བྱེད་དགོས། མཐོ་རིམ་སློབ་འབྲིང་དུས་མཚམས་སུ་འགག་སྒྲོལ་འཆར་གཞི་ཁྱབ་གདལ་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་དགོས། སློབ་གཉེར་ཆ་རྐྱེན་ལེགས་སུ་ཤུགས་ཆེན་བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི“སློབ་མ་མང་བའི་འཛིན་གྲྭའི”གནད་དོན་མགྱོགས་མྱུར་སེལ་དགོས་ཞེས་བཤད་པ་རེད།

    “ཟབ་གཏོང་གཙོ་བོ་ནི་འོས་འགན་སློབ་གསོའི་དོ་སྙོམས་འཕེལ་རྒྱས་རེད”ཅེས་ཁྲེན་པའོ་ཧྲེང་གིས་བཤད་པ་དང་། ཁོང་གིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོའི་ཐོན་ཁུངས་ཀྱི་བཀོད་པའི་འཆར་འགོད་བེད་སྤྱོད་ཡག་པོ་དང་། སྲུང་སྐྱོང་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱས་ནས་སློབ་གསོའི་ཐོན་ཁུངས་མུ་མཐུད་རྒྱ་ཆེར་གཏོང་བ་དང་། སློབ་གནས་མཁོ་སྤྲོད་བྱེད་མགྱོགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི“སློབ་མ་མང་བའི་འཛིན་གྲྭའི”གནད་དོན་ཐག་གཅོད་བྱེད་པ། གྲོང་གསེབ་ཀྱི་སློབ་གྲྭའི“མིང་ཡོད་རུང་སློབ་གྲྭར་སྐྱོད་མཁན་ཉུང་བའི”གནད་དོན་སེལ་དགོས། གྲོང་ཁྱེར་དུ་གླ་པ་རྒྱུག་མཁན་གྱི་བུ་ཕྲུག་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ཏེ་གཞུང་བཙུགས་སློབ་གྲྭར་སློབ་སྦྱོང་བྱེད་མཁན་དང་སྲིད་གཞུང་གི་ཞབས་ཞུ་ཉོ་སྒྲུབ་ལོངས་སྤྱོད་བྱེད་མཁན་གྱིས་མཉམ་དུ་འཁྲིད་པའི་བྲུ་ཕྲུག་གི་བསྡུར་གྲངས་མཐོ་རུ་ཏན་ཏིག་གཏོང་དགོས་ཞེས་བཤད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།