[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཞུང་རྒྱུ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཡན་ལག་ཁེ་ལས་ལས་འགོ་བསྐྱར་འཛུགས་བྱེད་ཚད་80%ལྷག་ཟིན་ཡོད་ཅེས་བརྗོད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་12ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཀྲུང་དབྱང་ཁེ་ལས་ཁག་གིས་རིམས་ནད་ལ་ཚན་རིག་དང་མཐུན་པའི་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་རིགས་དབྱེ་ཁག་བགོས་དང་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་བྱེད་འགོ་སླར་ཡང་ཚུགས་ཡོད། མིག་སྔའི་བར་ས་གནས་སྲིད་གཞུང་གིས་ལས་འགོ་འཛུགས་རྒྱུ་ནར་འགྱངས་བྱེད་དགོས་པའི་བླང་བྱ་བཏོན་པའི་ཁེ་ལས་ཕུད། ཀྲུང་དབྱང་གི་ཁེ་ལས་96ཁོངས་གཏོགས་ཀྱི་ཐོན་སྐྱེད་རང་བཞིན་གྱི་ཡན་ལག་ཁེ་ལས་ཁྲི་2.3ལྷག་ཙམ་ལས་འགོ་བསྐྱར་འཛུགས་བྱེད་ཚད་80%ལྷག་ཟིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འབྲེལ་ཡོད་ཀྲུང་དབྱང་ཁེ་ལས་ཀྱིས་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཐོན་ནུས་རྒྱ་ཆེར་བཏང་ནས་རིམས་འགོག་འཐབ་ས་དང་པོའི་གཙོ་གནད་སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། གཞུང་རྒྱུ་ཨུ་ལྷན་གྱི་གྲངས་གཞི་ལས་མངོན་པར། ཟླ་2ཚེས་9ཉིན་གྱི་ཆུ་ཚོད་24བར་ཀྲུང་དབྱང་ཁེ་ལས་ཀྱི་སྤྱོད་ཐེངས་གཅིག་གི་སྨན་སྤྱོད་ཁ་རས་ཉིན་རེར་ཁྲི་64.6ཐོན་སྐྱེད་བྱེད་པ་དང་སྨན་སྤྱོད་འགོག་སྲུང་གྱོན་ཆས་ཉིན་རེར་ཁྲི་1.98ཐོན་སྐྱེད་བྱེད་ཀྱི་ཡོད་པས་སྔོན་དཔག་བྱས་ན་སླད་ཕྱིན་གཟའ་འཁོར་གཅིག་རིང་ཐོན་འབོར་ཁྲི་460དང་ཁྲི་21.08སོ་སོར་ཟིན་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།