[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་སྟེ།

    ​ གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་གི་ལས་དོན་ཡག་པོ་བསྒྲུབས་ནས་མི་དང་འཁོར་རིགས་རྒྱུན་གཏན་ལྟར་འགྲོ་སྐྱོད་ཐུབ་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2020-02-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཞུང་ལམ་འགྲིལ་འགྲུལ་ཤར་གཏོང་གི་ལས་དོན་ཡག་པོ་བསྒྲུབས་ནས་མི་དང་འཁོར་རིགས་རྒྱུན་གཏན་ལྟར་འགྲོ་སྐྱོད་ཐུབ་པའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཀྲམ་སྟེ། གཞུང་ལམ་འགྲིལ་འགྲུལ་ཤར་གཏོང་གི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་མི་དང་འཁོར་རིགས་རྒྱུན་གཏན་ལྟར་འགྲོ་སྐྱོད་ཐུབ་པར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་རྒྱུན་གཏན་སྒྲིག་སྲོལ་ལ་སྲུང་སྐྱོང་ཏན་ཏིག་བྱེད་ཆེད་ཆེད་མངགས་བཀོད་སྒྲིག་བྱས་པ་རེད།

    གཅིག་ནས་ནུས་ཤུགས་ཡོད་རྒུས་གཞུང་ལམ་གྱི་འཁོར་རྒྱུག་བདེ་བླག་འགན་ལེན་བྱེད་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས“ཚན་རིག་དང་མཐུན་ལ་གོ་རིམ་ལྡན་ཞིང་། བཅའ་ཁྲིམས་དང་སྒྲིག་སྲོལ་གཞིར་བཟུང་བའི”རྩ་དོན་གཞིར་བཟུང་། གཞུང་ལམ་འགྲིམ་འགྲུལ་གྱི་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ལེགས་སུ་བཏང་སྟེ། རང་དགར་མྱུར་བགྲོད་གཞུང་ལམ་གྱི་ཐོན་སྒོ་དང་འཛུལ་སྒོ་འགོག་པ་གཏན་འགོག་དང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་འགོག་པ་གཏན་འགོག གྲོང་གསེབ་ཀྱི་གཞུང་ལམ་ཨུ་ཚུགས་ཀྱིས་འགོག་པ་དང་འདྲུ་བ་གཏན་འགོག འཕྲལ་སྡོམ་སྐྱེལ་འདྲེན་འཁོར་རིགས་འགྲོ་འོང་ལ་འགོག་རྐྱེན་བཟོ་བ་གཏན་འགོག མྱུར་བགྲོད་གཞུང་ལམ་གྱི་ཞབས་འདེགས་ཁུལ་དང་། རིན་བསྡུ་ས་ཚིགས། ཞིང་ཆེན་དབར་གྱི་འབྲེལ་མཚམས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མ་ལམ་བཅས་སུ་རང་དགར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རིམས་ནད་བརྟག་དཔྱད་ས་ཚིགས་དང་ཞིབ་བཤེར་ས་ཚིགས་འཛུགས་པ་གཏན་འགོག བཅའ་ཁྲིམས་དང་སྒྲིག་སྲོལ་ལས་འགལ་ནས་ཞིབ་བཤེར་ས་ཚིགས་སོགས་བཙུགས་ཡོད་རིགས་མཐའ་གཅིག་ཏུ་མེད་པར་བཟོ་བ་བཅས་བྱེད་དགོས། འགྲིམ་འགྲུལ་ཤར་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་ལམ་གྱི་འགྲིམ་འགྲུལ་ཡུན་རིང་མ་འགགས་པ་བྱས་ནས་འཕྲལ་སྡོམ་འཁོར་ལམ་ཤར་གཏོང་འགན་ལེན་བྱེད་དགོས།

    གཉིས་ནས་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་འདེགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་དགོས། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ(ལྕགས་ལམ་འགྲིམ་འགྲུལ་ཚུད་པ)དང་གྲོང་ཁྱེར་དང་གྲོང་ཁྱེར་དབར་གྱི་སྤྱི་སྤྱོད་རླངས་འཁོར་གནས་སྐབས་གཉེར་ཚམས་འཇོག་རིང་། སྤྱི་སྤྱོད་རླངས་འཁོར་དང་བདལ་གཏོང་རླངས་འཁོར(དྲ་ཐོག་ནས་མངགས་པའི་བདལ་གཏོང་རླངས་འཁོར་ཚུད་པ)གྱི་དབོར་འདྲེན་བྱེད་ཤུགས་སྤྱི་འདོམས་སྐོང་འཐེན་བྱས་ནས“གནད་ཀྱིས་གནད་ལ”ཞབས་འདེགས་ཞུ་བའི་ལས་དོན་སྤེལ་ནས་སྨན་པ་དང་། སྤྱི་པའི་ཞབས་ཞུའི་མི་སྣ། རྒན་རྒོན། ཉམས་ཞན་མི་སྣ། ནད་པ། དབང་པོ་སྐྱོན་ཅན། སྦྲུམ་མ། བྱིས་པ་སོགས་རིགས་ཁག་གི་གཙོ་གནད་མི་སྣའི་ཕྱིར་སྐྱོད་ལ་དགོས་ངེས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། ཧུའུ་པེ་ཞིང་ཆེན་ཕུད་པའི་ས་ཁུལ་གཞན་གྱིས་ལས་འགོ་བསྐྱར་འཛུགས་དང་སློབ་འགོ་འཛུགས་པའི་བཀོད་སྒྲིག་དང་ཟུང་འབྲེལ་བྱས་ཏེ། གྲོང་ཁྱེར་དང་གྲོང་ཁྱེར་དབར་གྱི་འགྲུལ་སྐྱེལ་དང་། གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ། བདལ་གཏོང་རླངས་འཁོར་སོགས་གཞུང་ལམ་གྱི་སྐྱེལ་འདྲེན་ཞབས་འདེགས་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་སྐྱེལ་འདྲེན་མཁོ་སྤྲོད་དང་རླངས་འཁོར་འགྲོ་སྐྱོད་ཀྱི་བདེ་འཇགས་འགན་ལེན། འཚང་ཁ་ལས་གཡོལ་ནས་ཕྱིར་སྐྱོད་པའི་ལས་དོན་སྤྱི་འདོམས་ཡག་པོ་སྒྲུབ་པ་བཅས་བྱས་ནས་རྒྱུན་གཏན་ལྟར་མང་ཚོགས་ཀྱི་ཕྱིར་སྐྱོད་དགོས་མཁོ་སྐོང་དགོས། ཆ་རྐྱེན་ཧུར་ཐག་བཏོད་དེ་གཞུང་ལམ་གྱི་སྐྱེལ་འདྲེན་ཤར་གཏོང་སོགས་ཀྱི་བྱ་ཐབས་སྤྱད་ནས་ཞིང་པ་ལས་མི་དང་སློབ་མ་སོགས་ཚོགས་སྤྱིའི་ཕྱིར་སྐྱོད་འགན་ལེན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ས་གནས་སྲིད་གཞུང་གིས་སྒྲིག་འཛུགས་བྱས་པའི་ཞིང་པ་ལས་མི་ལས་གནས་སུ་ཕྱིར་ལོག་གི་གཙང་གླས་རླངས་འཁོར་ལ་མྱུར་བགྲོད་གཞུང་ལམ་གྱི་འགྲོ་སྐྱོད་གྲོན་དངུལ་བསྡུ་མི་རུང་།

    གསུམ་ནས་འཕྲལ་སྡོམ་དངོས་ཟོག་སྐྱེལ་འདྲེན་ལས་དོན་ཡག་པོ་སྒྲུབ་དགོས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་རིགས་ཁག་གི་འཕྲལ་སྡོམ་སྐྱེལ་འདྲེན་སྔོན་ལ་འགན་ལེན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་མཁོ་ཆས་ཀྱི་སྐྱེལ་འདྲེན་སྔོན་ལ་འགན་ལེན་བྱེད་དགོས། “རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཕྲལ་སྡོམ་དངོས་ཟོག་དང་དེ་བཞིན་མི་སྣ་སྐྱེལ་འདྲེན་གྱི་འཁོར་རིགས་འགྲོ་སྐྱོད་ཆོག་པའི་ལག་ཁྱེར”ཡོད་མཁན་ལ་འཕྲལ་སྡོམ་སྐྱེལ་འདྲེན་གྱི་ལྗང་མདོག་བགྲོད་ལམ་གཏོད་པའི་སྲིད་ཇུས་ལག་བསྟར་ནན་པོ་བྱེད་དགོས། དུས་ཐུང་ནང་རིམས་ནད་གཙོ་གནད་ཁུལ་དུ་དངོས་ཟོག་སྐྱེལ་མཁན་ཁ་ལོ་བ་དང་དངོས་ཟོག་འདོན་འཇུག་ལས་མི་སོགས་འགན་ལེན་མཁོ་འདོན་བྱེད་མཁན་མི་སྣར་རྩ་བའི་ཆ་ནས་ཉིན་14ལོགས་སུ་འཇོག་པའི་བྱེད་ཐབས་སྤྱོད་དགོས་མེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།