[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་གྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཁེ་འབབ་ལས་ཁྲོམ་རའི་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-02

    2017ལོར་ལྷོ་ཁ་གྲོང་ཁྱེར་གྱི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་དུ་བཏང་ཚད་སྒོར་དུང་ཕྱུར་7ཙམ་ཟིན་པ་དེའི་ནང་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་ནས་རིམ་རྩིས་བརྒྱབ་ན་དཔྱ་ཁྲལ་སྒོར་ཁྲི་4000ལྷག་ཙམ་ཆག་ཡང་དུ་བཏང་བ་རེད།

    དཔྱ་ཁྲལ་ཆག་ཡང་དང་ཁུར་པོ་ཡང་དུ་གཏོང་བའི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པའི་ཁྲོད་ཁེ་ལས་མང་པོ་ཞིག་ལ་ཕན་པ་ཐོབ་ཡོད། ལྷོ་ཁ་གྲོང་ཁྱེར་གྱི་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཁྲལ་འཇལ་དུད་ཚང་5413ཁྲོད་དུད་ཚང་5367གྱི་དཔྱ་ཁྲལ་ཆག་ཡང་དང་ཁུར་པོ་ཡང་དུ་བཏང་བར་ཕན་པ་ཐོབ་ཚད་99%ཟིན་ཡོད། དཔྱ་ཁྲལ་གྱི་ཁུར་པོ་ཡང་དུ་བཏང་བ་ལས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁེ་ལས་ཀྱི་གནོན་ཤུགས་ཆུང་དུ་ཕྱིན་པ་དང་། ཁེ་ལས་ཀྱི་དཀའ་ངལ་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་ཕྱིན་པ། ཁེ་ལས་དཀའ་གནད་ལས་སྒྲོལ་རྒྱུར་རོགས་རམ་ཐོབ་པ། ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ནས་ཁེ་ལས་ཀྱི་སྤྱི་འབོར་སྔར་བས་འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་ཡོངས་སུ་གསར་དུ་ཐོ་འགོད་བྱས་པའི་དུད་ཚང་3065ཟིན་ནས་དུས་མཚུངས་ལས་21.25%འཕར་ཡོད། དེའི་ཁྲོད“ཆེན་པོ་བཞིའི”ལས་རིགས་གསར་དུ་ཐོ་འགོད་བྱས་པའི་དུད་ཚང་1236ཟིན་ནས་22.83%འཕར་བ་དང་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བ་དེས་ཐོན་ལས་སྒྲོག་ཐག་ཆ་ཚང་དུ་དང་ལས་ཞུགས་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་སྒྱུར་བཅོས་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད། དེ་དང་ཆབས་ཅིག་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་གྲུབ་ཆའི་རང་བཞིན་གྱི་དཔྱ་ཁྲལ་ཆག་ཡང་བཏང་བའི་ཁེ་འབབ་ཐོབ་པ་དང་སྦྲགས་ལས་གཏོད་པར་དངོས་ཕན་ཏན་ཏིག་ཐོབ་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་ཀྱིས་བྱ་གཞག་བསྐྲུན་རྒྱུར་རོགས་སྐུལ་བྱ་ཆེད་སྲིད་ཇུས་ཀྱི་ཁོར་ཡུག་ཡག་པོ་བཏོད་ཡོད།

    ལྷོ་ཁ་གྲོང་ཁྱེར་གྱི་དེང་རབས་ཕྱོགས་བསྡུས་ཐོན་ལས་གླིང་གི་འགན་འཁུར་བ་ཀྲོའུ་ཡན་གྱིས་གཉེར་ཁྲལ་འཕར་ཁྲལ་དུ་བསྒྱུར་བའི་ཚོད་ལྟ་བྱས་རྗེས་བཏོན་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཁག་གིས་རིམ་རྩིས་བརྒྱབ་ན་ལྡུམ་ཁུལ་ཁེ་ལས་ལ་ཁྲལ་དངུལ་སྒོར་དུང་ཕྱུར་1.25ཆག་ཡང་དང་རྩ་ཆག་བཏང་ནས་ཡོངས་ཁྱབ་ངང་དཔྱ་ཁྲལ་ཆག་ཡང་དང་ཁུར་པོ་ཡང་དུ་སོང་ཡོད། དེ་དང་ཆབས་ཅིག་ལྷོ་ཁ་གྲོང་ཁྱེར་རྒྱལ་ཁྲལ་ཅུས་ཀྱིས་ཀྱང་བཅའ་སྡོད་ཁེ་ལས་ཀྱི་ཁྲལ་བསྡུ་དང་འབྲེལ་བའི་གཟིགས་སྐྱོང་སྲིད་ཇུས་ཐད་སྔ་ཕྱི་བར་གསུམ་དུ་མཛུབ་ཁྲིད་དང་རོགས་རམ་བྱས་པས་ཁེ་ལས་གསར་པ་དེ་བས་མང་བ་དེའི་ཁྲོད་ཞུགས་རྒྱུར་འདྲེན་འགུགས་ཐུབ་པ་དང་ཡུལ་དེའི་ལས་ཞུགས་ལས་གཏོད་ཀྱི་རྣམ་པ་ཡག་པོ་ཞིག་བཏོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།