[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཆབ་མདོ་གྲོང་ཁྱེར་གྱིས་འདི་ལོ་གཙོ་གནད་རྣམ་གྲངས་ལ་སྒོར་དུང་ཕྱུར་363གཏོང་རྩིས་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-31

    2019ལོར། ཆབ་མདོ་གྲོང་ཁྱེར་གྱིས་ཁྱོན་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་136དང་ཡན་ལག་རྣམ་གྲངས་406བཀོད་སྒྲིག་བྱས་པ་དང་། ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་363གཏོང་བའི་འཆར་གཞི་ཡོད་ཅིང་། ཟླ་བ་བཞི་པའི་ཟླ་མཇུག་བར། གཙོ་གནད་རྣམ་གྲངས་ཁག་གི་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་གྱིས་2019ལོར་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་136དང་ཡན་ལག་རྣམ་གྲངས་406བཀོད་སྒྲིག་བྱས་པར་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་363གཏོང་རྩིས་ཡོད། དེའི་གྲས་སུ་མཐུད་འཛུགས་རྣམ་གྲངས་68དང་ཡན་ལག་རྣམ་གྲངས་148ཡོད་པར་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་198གཏོང་རྩིས་ཡོད་པ་དང་། གསར་སྐྲུན་རྣམ་གྲངས་68དང་ཡན་ལག་རྣམ་གྲངས་258ཡོད་པར་ལོ་ཧྲིལ་པོར་མ་དངུལ་སྒོར་དུང་ཕྱུར་165གཏོང་རྩིས་ཡོད། ལོ་ཧྲིལ་པོར་ཡན་ལག་རྣམ་གྲངས་258ལས་འགོ་འཛུགས་པའི་འཆར་གཞི་ཡོད་ཅིང་། དེའི་ནང་ཡན་ལག་རྣམ་གྲངས་179ཡི་མ་དངུལ་སྒོར་དུང་ཕྱུར་49.8དམིགས་སར་འབྱོར་ཡོད། ཟླ་བ་བཞི་པའི་ཟླ་མཇུག་བར། ཡན་ལག་རྣམ་གྲངས་217(ཡན་ལག་རྣམ་གྲངས་143གྱི་ལས་འགོ་ཡང་བསྐྱར་བཙུགས་པ་དང་ཡན་ལག་རྣམ་གྲངས་74ཡི་ལས་འགོ་གསར་དུ་བཙུགས་པ)གྱི་ལས་འགོ་ཡང་བསྐྱར་རམ་གསར་དུ་བཙུགས་པ་དང་ལས་འགོ་ཡང་བསྐྱར་རམ་གསར་དུ་འཛུགས་ཚད་53.4%ཟིན་ཡོད། དེའི་ནང་ཞིང་འབྲོག་རྣམ་གྲངས་ཀྱི་ཡན་ལག་རྣམ་གྲངས་16(ལས་འགོ8ཡང་བསྐྱར་བཙུགས་པ་དང་ལས་འགོ་8གསར་དུ་བཙུགས་པ)ལས་འགོ་བཙུགས་ཤིང་། ལས་འགོ་ཡང་བསྐྱར་རམ་གསར་དུ་འཛུགས་ཚད་72.7%ཟིན་པ་དང་། ཆུ་བེད་རྣམ་གྲངས་8(ལས་འགོ་4ཡང་བསྐྱར་བཙུགས་པ་དང་ལས་འགོ་4གསར་དུ་བཙུགས་པ)ལས་འགོ་ཡང་བསྐྱར་རམ་གསར་དུ་བཙུགས་ཤིང་། ལས་འགོ་ཡང་བསྐྱར་རམ་གསར་དུ་འཛུགས་ཚད་57.1%ཟིན་པ། དབུལ་སྐྱོར(ཞིང་ལས་གསར་སྤེལ)རྣམ་གྲངས་ཀྱི་ཡན་ལག་རྣམ་གྲངས་4(ལས་འགོ་3ཡང་བསྐྱར་བཙུགས་པ་དང་ལས་འགོ་1གསར་དུ་བཙུགས་པ)ལས་འགོ་ཡང་བསྐྱར་རམ་གསར་དུ་བཙུགས་ཤིང་། ལས་འགོ་ཡང་བསྐྱར་རམ་གསར་དུ་འཛུགས་ཚད་66.7%ཟིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།