[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་སར་Aརིམ་པའི་ཁྲལ་འཇལ་ཡིད་རྟོན་ཁེ་ལས་97གསར་འཕར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-21

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་2018ལོའི་ལོ་འཁོར་གྱི་Aརིམ་པའི་ཁྲལ་འཇལ་ཡིད་རྟོན་ཁེ་ལས་ལ་བྱང་བུ་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་། གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་ཀྱིས་ཁྲིམས་བཞིན་ཁྲལ་འཇལ་དང་ཡིད་རྟོན་ཁྲལ་འཇལ་རྒྱུ་མཐའ་འཁྱོངས་བྱེད་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད། ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་A3རིམ་པའི་ཁྲལ་འཇལ་ཡིད་རྟོན་ཁེ་ལས་3ཐོག་མར་དཔྱད་འདེམས་བྱས་པ་དང་གཟི་བརྗིད་མཚན་སྙན་ཐོབ་མཁན་གྱིས་གཟིགས་སྐྱོང་མང་པོ་ལོངས་སྤྱོད་ཆོག་གི་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ལོ་གསུམ་བསྟུད་མར་Aརིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་ཁྲལ་འཇལ་ཁེ་ལས་གསུམ་ལ་བྱང་བུ་སྤྲད་པ་དེ་ནི་Aརིམ་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་ཁྲལ་འཇལ་མཁན་གྱིས་ཁྲིམས་བཞིན་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་དང་ཡིད་རྟོན་ཁྲལ་འཇལ་བྱས་པར་ཐོབ་པའི་ཁས་ལེན་གང་ལེགས་བྱས་པ་དང་། དེའི་དམིགས་ཡུལ་ནི་ཁེ་ལས་སྐྱོན་བྲལ་ངང་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་རྒྱུའི་སྐུལ་ལྕག་བྱ་ཆེད་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།