[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་བྱ་གསོ་ཚགས་ཀྱིས་ཡོང་འབབ་འཕར་བར་རམ་འདེགས་བྱས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-22

    ཁམས་གོང་བོད་བྱ་གསོ་ཚགས་ར་བ་དེ་ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དུ་གནས་པ་དང་དེ་ནི་ཆབ་མདོ་གྲོང་ཁྱེར་ཁམས་གོང་བྱ་ལས་ཚན་རྩལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་པ་དང་རྣམ་གྲངས་ལ་མ་རྩ་བསྡོམས་འབོར་སྒོར་ཁྲི་4860གཏོང་རྩིས་ཡོད་པ་རེད། མིག་སྔར་མ་དངུལ་སྒོར་ཁྲི་3100བཏང་ཟིན་ནས་ཤ་ཁང་དང་། སྒོ་ང་སྙོལ་ཁང་། གཞུང་ལས་ཐོག་བརྩེགས་ཁང་ཆེན་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་གྲུབ་ཟིན་ནས་རི་བྱ་དམར་པོ་ཁྲི་6ལྷག་ཙམ་གསོ་ཚགས་དང་བཤས་བཏང་ཡོད། 2018ལོར་ཁེ་ལས་ཀྱིས་མང་ཚོགས་ལ་རི་བྱ་དམར་པོའི་བྱ་ཕྲུག་ཁྲི་6.4ཙམ་སྤྲད་དེ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་340ཡི་མི་གྲངས་1000ལྷག་ཙམ་གྱི་སྣེ་ཁྲིད་དེ་ཐོན་ལས་དབུལ་སྒྲོལ་ཡོང་བ་བྱས་པས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་3800བྱུང་ཡོད། 

    634879_yis_1561093170016.jpg

    འདི་ནི་བོད་བྱ་གསོ་ཚགས་ར་བའི་དོ་དམ་མི་སྣས་རི་བྱ་དམར་པོར་ལྟོ་སྟེར་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།