[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དཔའ་ཤོད་རྫོང་གིས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུཌ་སྐྱོང་གི་ཆུ་ཚད་ཕྱོགས་ཡོངས་ནས་གོང་མཐོར་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    ཉེ་བའི་ལོ་ཤས་རིང་། དཔའ་ཤོད་རྫོང་གིས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི“རྨང་གཞི་བརྟན་གཏོང་དང་། སྣེ་ཁྲིད་ལ་སྣང་ཆེན། སྤུས་ཚད་མཐོར་གཏོང”གི་བྱེད་སྒོ་ཏན་ཏིག་ངང་སྤེལ་ནས་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་འཛུགས་སྐྱོང་བྱས་ཏེ་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ཕྱོཌ་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་མ་བཏང་བ་རེད།

    ཁེ་ལས་ཀྱི་གནས་ཚུལ་ལ་གཞིགས་ཏེ“རྨང་གཞི་བརྟན་གཏོང”གིས་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཚད་གོང་མཐོར་བཏང་ཞིང་། “ཁྱིམ་གྱི་གནས་ཚུལ”རྟོགས་པར་བྱས་པ། རྫོང་གྲོང་དང་། ཐོན་ལས་གླིང་ཁུལ། ར་འོག་ཚོང་འདུས་གྲོང་སྡེ་བཅས་ཀྱི“སྤྱི་དབང་མིན་པའི་ཁེ་ལས་གླིང་ཆེ་གྲས་གསུམ”དང་ཤང་དང་གྲོང་རྡལ་སྲིད་གཞུང་གནས་ཡུལ་གྱི“ཆེད་མཁས་ཆུང་ཆུང”གཙོ་གནད་དུ་བྱས་ནས་སྒོ་རྩར་བསྐྱོད་དེ་གནས་ཚུལ་གྲལ་བཤེར་དང་སྦྲགས་གཞི་རྩའི་གནས་ཚུལ་ཁོང་དུ་ཆུད་པར་བྱས་པ་རེད། མིག་སྔར་དཔའ་ཤོད་རྫོང་དུ་སྤྱི་དབང་མིན་པའི་ཁེ་ལས་196དང“ཆེད་ལས་དུད་ཆུང”1587ཡོད་པར་སྤྱི་དབང་མིན་པའི་ཏང་ཡོན་མི་གྲངས་51ཡོད། “གཅིག་འཛུགས་གཉིས་འབྲེལ་གསུམ་མངགས་གཏོང”གི་ལས་ཀའི་བྱ་ཐབས་ལག་ལེན་བསྟར་ཡོད།

    དྲིལ་བསྒྲགས་སློབ་གསོར་བརྟེན་ནས“སྣེ་ཁྲིད་ལ་སྣང་ཆེན”གིས་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་ཟབ་མོ་བཏོད་ཅིང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པ། རྫོང་རིམ་པའི་སྐད་འཕྲིན་སྤྱི་རྟགས་ཀྱི་ལས་སྟེགས་བརྒྱུད་དེ་དུས་ཐོག་ཏུ་སྤྱི་དབང་མིན་པའི་ཏང་རྩ་འཛུགས་ཀྱི་བྱེད་ཐབས་བཟང་པོ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་ཚད་ཕྱོགས་སྡོམ་དྲིལ་བསྒྲགས་བྱས་ནས་སྤྱི་དབང་མིན་པའི་ཕུལ་བྱུང་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་སྤེལ་གཏོང་དང་། སྤྱི་དབང་མིན་པའི་ཏང་རྩ་འཛུགས་དང་ཏང་ཡོན་གྱིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ། སྤྱི་དབང་མིན་པའི་ཏང་འཛུགས་སྐྱོང་གིས་སྤུས་རྟགས་གཅིག་བཏོད་པ། བྱས་རྗེས་ཕུལ་བྱུང་3སྤེལ་གཏོང་བྱས་པ་རེད། མཉམ་གྲོས་མཉམ་བསྐྲུན་མཐའ་འཁྱོངས་བྱས་ཤིང་། སྤྱི་དབང་མིན་པའི་ཏང་རྩ་འཛུགས་ཀྱི་བསམ་འཆར་དང་གྲོས་འགོར་དོ་སྣང་བྱས་ནས་རྫོང“གཉིས་གསར”ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིས་ལོར་ཉུང་མཐར་ཡང་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁུར་བའི་བཞུགས་མོལ་ཚོགས་འདུ་ཐེངས་རེ་སྒྲིག་འཛུགས་བྱས་ནས་ཉམས་མྱོང་དང་། དཀའ་ངལ། འཕེལ་རྒྱས་སྐོར་གླེང་ནས་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་མ་ཟད་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ཀྱི་ཡོད་པ་རེད།

    ཏང་འཛུགས་སྐྱོང་ལ་བརྟེན་ནས“སྤུས་ཚད་མཐོར་གཏོང”ཡོང་བའི་སྣེ་ཁྲིད་དེ་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ལ་རམ་འདེགས་བྱས་ཤིང་། ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་བཏོན་པ། ཀྲི་པུའི་ཧྲུའུ་ཅིས་ཁེ་ལས་ཀྱི་འགན་འཁུར་བ་དང་འགན་གཅིག་ལྕོགས་འཁུར་བའི་ལམ་ལུགས་བཙུགས་པས་ཏང་འཛུགས་སྐྱོང་ལས་དོན་དེ་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་སོགས་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཁེ་ལས་སྐྱོན་བྲལ་གོང་འཕེལ་ཡོང་བར་སྐུལ་མ་བཏང་བ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཏོན་ཡོད། “ཏང་ཡོན་གྱི་དཔེ་སྟོན་ལས་གནས”དང་ཏང་ཡོན་གྱི་ཡོངས་བསྒྲགས་ཁས་ལེན་ལམ་ལུགས་བཙུགས་པ་བརྒྱུད་ཁེ་ལས་ཀྱི་ཏང་ཡོན་ལས་གནས་ལ་གཞི་ཚུགས་པ་དང་། རང་འགུལ་ངང་ལས་ཀ་བྱེད་པ། ལས་སྒྲུབ་ལས་གཏོད་བྱ་རྒྱུར་སྣེ་ཁྲིད་དེ་ཏང་ཡོན་དང་ལས་བཟོར་སྔོན་ཐོན་ལ་མིག་ལྟོས་དང་ལས་དོན་ཁག་ཁྲོད་ཡར་རྒྱས་ཡོང་བའི་ལྕག་སྐུལ་བྱས་ཏེ་ཁེ་ལས་ཀྱིས་འཁུར་བའི་སྤྱི་ཚོགས་ཀྱི་འགན་ནུས་འདོན་སྤེལ་བྱས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།